སྐབས་བདུན་པའི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སྤེལ་རྩིས་ཡོད་པ།

        2013-10-08

མིག་སྔར་གསར་འགོད་པས་སྐབས་བདུན་པའི་བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན། ཡུན་ནན་བཅས་མཐའ་འབྲེལ་ས་ཁུལ་གྱི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྟེང་ནས་རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སྤྱི་ཟླ10བའི་ཚེས15ཉིན་ནས་ཚེས19ཉིན་བར་བོད་ལྗོངས་ཆབ་མདོ་ས་ཁུལ་ནས་སྤེལ་རྒྱུ་རེད།

མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་སྒྱུ་རྩལ་དུས་ཆེན་གྱི་ནང་དོན་གཙོ་བོར་རིག་རྩལ་འཁྲབ་སྟོན་དང་། འཕེལ་རྒྱས་གྲུབ་འབྲས་འགྲེམ་སྟོན། རིག་གནས་ཡུལ་སྐོར་གླེང་སྟེགས། མཛེས་རིས་འགྲེམ་སྟོན། ཚོང་རྫས་བཀྲམ་འཚོང་གྲོས་བསྡུར། དམངས་ཁྲོད་ལུས་རྩལ་འགྲན་བསྡུར། གྱོན་ཆས་འཁྲབ་སྟོན། མེ་ཕུང་དགུང་ཚོགས་བཅས་རྣམ་གྲངས་ཆེན་མོ་རིགས6དང་རྣམ་གྲངས་ཆུང་ངུ་རིགས13འདུས།

རྒྱུས་ལོན་པ་ལྟར་ན། ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ནི་བོད་ལྗོངས་ཀྱི་ཆབ་མདོ་ས་ཁུལ་དང་། སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱིས་མཉམ་དུ་སྤེལ་བ་ཡིན་ཞིང་། དམིགས་ཡུལ་གཙོ་བོ་ནི་ས་ཁུལ་བར་གྱི་དཔལ་འབྱོར་རིག་གནས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་དེ་ཡིན། ཐེངས་འདིས་བྱ་འགུལ་སྤེལ་བར་བརྒྱུད་དེ་ཕྱི་རོལ་ལ་ས་ཁུལ་བཞི་བོའི་དཔལ་འབྱོར་མཆོང་བརྒལ་རང་བཞིན་གྱི་འཕེལ་རྒྱས་དང་། སྤྱི་ཚོགས་ཡུན་རིང་བདེ་འགོད་ཀྱི་གྲུབ་འབྲས་གསར་བ། རྣམ་པ་གསར་བ་དྲིལ་བསྒྲགས་དང་མཚམས་སྦྱོར་བྱེད་པར་ཕན་ནུས་ལྡན་པ་མ་ཟད། ཁམས་པ་ས་ཁུལ་གྱི་རྣམ་པ་སྣ་ཚོགས་དང་། ཡར་རྒྱས་བརྩོན་ལེན། རྒྱ་ཆེ་བའི་མདུན་ལམ་བཅས་ཀྱི་བརྗིད་ཉམས་གསར་བོར་སྟོན་ཐུབ་པ་རེད།  །

 
0
  • ལེ་ཚན་སྔོན་མ།:མཚོ་སྔོན་གྱིས་སྲོལ་ཡིག་བཟོས་ནས་ས་མཐོའི་འདམ་རའི་ཐོན་ཁུངས་ལ་སྲུང་སྐྱོང་བྱས།
  • ལེ་ཚན་རྗེས་མ།:སྐབས་བདུན་པའི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ཚེས༡༥ཉིན་ཆབ་མདོར་སྤེལ།
  • དོ་སྣང་ཆེ་བའི་རྩོམ།