སྐབས་བདུན་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་ཡུལ་སྐོར་གླེང་སྟེགས།

བཀྲ་ཤིས་དང་དབྱང་ཡན།        2013-10-21

སྐབས་བདུན་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་ཡུལ་སྐོར་གླེང་སྟེགས།


 

སྐབས་བདུན་པའི་ཁམས་པའི་སྒྱུ་རྩལ་ཡུལ་སྐོར་དུས་ཆེན་གྱི་ཡུལ་སྐོར་གླེང་སྟེགས་ནི་ཟླ༡༠པའི་ཚེས༢༠ཉིན་གྱི་ཕྱི་དྲོར་ཆབ་མདོ་ས་ཁུལ་གྱི་སྲིད་གྲོས་ཀྱི་ཚོགས་ཁང་དུ་སྤེལ། གླེང་སྟེགས་སུ་ཆབ་མདོ་ས་ཁུལ་གྱི་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ་མ་ལིང་ཐན་གྱིས་དགའ་བསུ་ཞུ་བའི་ཤིས་ཚིག་ཕུལ་བ་དང་། བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ཀྱི་ཁྲུའུ་ཀྲང་བསྟན་འཛིན་གྱིས་ཤིས་ཚིག་ཕུལ། དེ་ནས་ཆབ་མདོ་ས་ཁུལ་དང་དཀར་མཛེས་ཁུལ། ཡུལ་ཤུལ་ཁུལ། བདེ་ཆེན་ཁུལ་བཅས་ཀྱི་ཡུལ་སྐོར་ཅུས་ཀྱི་དབུ་ཁྲིད་རྣམས་ཀྱིས་གཏམ་བཤད་སྤེལ་རེས་དང་ཡུལ་སྐོར་ཆེད་དོན་ངོ་སྤྲོད་བྱས། རང་ཁུལ་གྱི་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཆིའུ་རུང་གིས་དཀར་མཛེས་ཁུལ་གྱི་ཡུལ་སྐོར་ལྗོངས་རྒྱུའི་གནས་བབ་དང་འབྱུང་འགྱུར་བཅས་ངོ་སྤྲོད་བྱས་པ་མ་ཚད། ས་ཁུལ་སོ་སོའི་ཕན་ཚུན་རྒྱབ་སྐྱོར་དང་སློབ་སྦྱོང་བྱས་ཏེ་ཡུལ་སྐོར་གྱི་བྱ་གཞག་གོང་ནས་གོང་དུ་སྤེལ་དགོས་པའི་གཏམ་བཤད་སྤེལ་རེས་བྱས། གླེང་སྟེགས་སུ་ད་དུང་དཔོན་ཆེན་མོ་དབྱང་ཀུའེ་ཧྭ་དང་ལའོ་ཙེ་པའེ་ཆེད་མཁས་པ་ལི་ཧུའེ་བཅས་ཀྱི་འཆད་ཁྲིད་གནང་། 



 

  • ལེ་ཚན་སྔོན་མ།:སྐབས་བདུན་པའི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ནང་དུ་བྲིས་གཟུགས་དང་མཛེས་རྩལ་པར་རིས་འགྲེམ་སྟ
  • ལེ་ཚན་རྗེས་མ།:སི་ཁྲོན་ནུབ་རྒྱུད་བོད་ཁུལ་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ལས་གྲྭ་འཛུགས་སྐྲུན་བྱེད་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།