ལི་ཐང་དགོན་གསར་དགོན་གྱི་དགེ་འདུན་པ་ཚོར་འཐུང་ཆུའི་དཀའ་ཁག་སེལ།
དབྱངས་ཅན་གྱིས་བསྒྱུར། 2012-09-18
དུས་ཡུན་ཉིན72རིང་གི་ཛ་དྲག་ཆེ་བའི་ཨར་ལས་བྱས་པར་བརྒྱུད།ཉེ་སྔོན་ལི་ཐང་རྫོང་སྣ་པོ་ཤང་དགོན་གསར་དགོན་གྱི་དགེ་འདུན་པ་ཚོས་དྭངས་ཤིང་གཙང་བའི་རང་འབབ་ཆུ་འཐུང་རྒྱུ་རག་པ་རེད།
ལི་ཐང་རྫོང་སྣ་པོ་ཤང་དགོན་གསར་དགོན་གྱི་དགེ་འདུན་པ་ཚོར་ཆུ་འཐུང་རྒྱུ་མི་འདང་བ་དང་ཆུའི་སྤུས་ཚད་དེ་ཚད་གཞི་ཐོག་སླེབས་མེད་སྟབས།དགོན་གསར་དགོན་གྱི་དགེ་འདུན་པ་ཚོའི་ལུས་ཁམས་བདེ་ཐང་ལ་མངོན་མེད་གནོད་སྐྱོན་ཐེབས་བ་དང་འཚོ་བར་སྟབས་མི་བདེ་བར་བྱས།གནས་ཚུལ་དེར་དམིགས་ནས་ལི་ཐང་རྫོང་གི་རྫོང་ཨུ་དང་སྲིད་གཞུང་གིས་ཚད་མཐོན་པོས་མཐོང་ཆེན་བྱས་ནས་རྫོང་ཆུ་དོན་ཅུས་ལ་ཉེ་དུས་སུ་དགོན་གསར་དགོན་གྱི་ཆུ་འཐུང་རྒྱུ་རག་དཀའ་བའི་གནད་དོན་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ཟླ་བ3པའི་ཚེས13ཉིན།སྣ་པོ་ཤང་དགོན་གསར་དགོན་གྱི་འཐུང་ཆུའི་ཨར་ལས་འཛུགས་སྐྲུན་བྱ་རྒྱུའི་ལས་ཀ་དེ་ཡུལ་དེ་གའི་ཤང་ཏང་ཨུ་དང་སྲིད་གཞུང་གིས་འབད་བརྩོན་ཧུར་ཐག་བྱས་འོགམང་ཚོགས་ངལ་ལས་ནང་ཞུགས་རྒྱུར་སྐུལ་སློང་བྱས་ནས་ཆུ་རྐ་རྐོ་འདྲུ་དང་ས་རྒྱུ་གསབ་སྣོན་བྱས་པ་དང་།རིམ་བསགས་ཀྱིས་བརྩིས་ན་ངལ་ལས་ནང་ཞུགས་ཚད་མི་གྲངས་དང་ཐེངས་གྲངས12460དང་།ཆུ་རྐ་རྐོ་འདྲུ་དང་ས་རྒྱུ་གསབ་སྣོན་བྱས་ཚད་སྨི7690ས་རྡོ་སྨི་གྲུ་བཞི་ལྷམ་པ4614བཅས་ཡོད་པ་རེད།དུས་ཡུན་ཉིན72རིང་ཛ་དྲག་ཆེ་བའི་སྒོས་ཨར་ལས་བྱས་པར་བརྒྱུད།ཨར་ལས་དེ་ཟླ་བ5པའི་ཚེས25ཉིན་འཛུགས་སྐྲུན་གྲུབ་པར་མ་ཟད་བེད་སྤྱོད་གཏོང་བཞིན་པ་རེད།སྣ་པོ་ཤང་དགོན་གསར་དགོན་གྱི་འཐུང་ཆུའི་ཨར་ལས་འཛུགས་སྐྲུན་གྲུབ་རྗེས་དགོན་པ་དེའི་རྒྱུན་སྡོད་མི་གྲངས161དང་འགྲུལ་ཞུགས་མི་གྲངས80ཡི་ཉེན་མེད་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པ་རེད།