དཀར་མཛེས་རྫོང་གིས་ཞིང་འབྲོག་ལས་རིགས་ཚན་རྩལ་ཐོན་སྐྱེད་ཀྱི་ཤེས་བྱ་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ།

        2012-09-18

ཉེ་ཆར།ཁུལ་ཚན་རིག་ལག་རྩལ་མཐུན་ཚོགས་དང་དཀར་མཛེས་རྫོང་ཞིང་འབྲོག་དང་ཚན་རྩལ་ཅུས།དཀར་མཛེས་རྫོང་ཚན་རྩལ་མཐུན་ཚོགས་སོགས་ཀྱིས་དཀར་མཛེས་རྫོང་བཅིངས་བཀྲོལ་ཁྲོམ་ལམ་བཞི་མདོ་རུ་ཚན་རྩལ་གཞི་རིམ་དུ་བསྐྱལ་བ་དང་ཞིང་ལས་ཐོན་སྐྱེད་ཀྱི་ཚན་རིག་ཁྱབ་སྤེལ་ཤེས་བྱ་ཡོངས་ཁྱབ་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་སྤེལ་བ་རེད།
    ཐེངས་འདིའི་བྱེད་སྒོ་ཁྲོད་ཁུལ་དང་དཀར་མཛེས་རྫོང་ཚན་རྩལ་མཐུན་ཚོགས་ཀྱིས་ཁྱོན་བསྡོམས་འཇོན་པོའི་ཚན་རྩལ་ལས་སྒྲུབ་མི་སྣ16འཐེན་སྐོང་བྱས་ནས་དངོས་ཞུགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།བྱེད་སྒོ་ཁྲོད་དུ་གཙོ་བོ་ཕར་འགྲོ་ཚུར་འོང་བྱེད་བཞིན་པའི་ཞིང་འབྲོག་མི་དམངས་རྣམས་ལ《གནག་ཕྱུགས་རྒྱུན་ཐོན་ནད་གཞི་འགོག་བཅོས།》དང་《ནས་ཀྱི་གཙོ་བོའི་ནད་འབུའི་གནོད་པ》《ཚན་རིག་ཁྱབ་སྤེལ་དང་གསར་སྐྲུན》བཅས་ཞིང་འབྲོག་ཚན་རྩལ་དང་འབྲེལ་བ་ཡོད་པའི་རྒྱ་བོད་ཡིག་རིགས་གཉིས་ལྡན་གྱི་ཚན་རིག་ཁྱབ་སྤེལ་གྱི་ཤེས་བྱ་ལག་དེབ676གཏོང་སྤྲོད་བྱས་ཡོད་ལ་གནས་ཚུལ་འདྲི་མཁན་གྱི་མིའི་ཐེངས་གྲངས890ལྷག་དང་ལེན་བྱས་ནས་སྔར་ལས་ལྷག་པར་རྒྱ་ཆེའི་ཞིང་འབྲོག་མི་དམངས་ཀྱི་ཚན་རིག་གསོ་སྤེལ་གྱི་རང་བཞིན་དང་ཞིང་འབྲོག་ལས་རིགས་ཐོན་སྐྱེད་ཀྱི་ཚན་རྩལ་འདུས་ཚད་ཇེ་མཐོར་བཏང་།
  • ལེ་ཚན་སྔོན་མ།:སེར་ཤུལ་དང་དཀར་མཛེས་རྫོང་གཉིས་ཀྱི་སྡོད་དམངས་ཀྱིས་དཔྱིད་གསར་དུས་ཆེན་སྔོན་དུ་གློག་སྤྱོད་ཐུབ་རྩིས་ཡོད།
  • ལེ་ཚན་རྗེས་མ།:ལི་ཐང་དགོན་གསར་དགོན་གྱི་དགེ་འདུན་པ་ཚོར་འཐུང་ཆུའི་དཀའ་ཁག་སེལ།
  • དོ་སྣང་ཆེ་བའི་རྩོམ།