སེར་ཤུལ་དང་དཀར་མཛེས་རྫོང་གཉིས་ཀྱི་སྡོད་དམངས་ཀྱིས་དཔྱིད་གསར་དུས་ཆེན་སྔོན་དུ་གློག་སྤྱོད་ཐུབ་རྩིས་ཡོད།
ལྷ་འཛོམས་ཀྱིས་བསྒྱུར། 2012-09-18
ར་རྔ་ཁ་ནས་དཀར་མཛེས།སེར་ཤུལ་བར་གྱི་གློག་དྲ་སྦྲེལ་བའི་ལས་གྲྭ་དེ་ལས་འགོ་ཚུགས་པ་ནས་བཟུང་།སི་ཁྲོན་ཞིང་ཆེན་གློག་ཤུགས་ཀུང་སིའི་དཀར་མཛེས་ཡན་ལག་ཀུང་སིས་གཞི་རྩའི་འཛུགས་སྐྲུན་མ་དངུལ་ཅུང་དཀའ་ངལ་ཡོད་པའི་གནས་ཚུལ་འོག་ད་དུང་ཐབས་ལམ་སྣ་མང་བླངས་ནས་ཁྱོན་བསྡོམས་གྲོང་ཁུལ་གྱི་གློག་དྲ་བསྒྱུར་བཀོད་མ་དངུལ་སྒོར་ཁྲི1800ལྷག་ཙམ་གྲབས་གསོག་བྱས་ནས་སེར་ཤུལ་གྲོང་ཁུལ་གྱི་གློག་སྐུད་སྒྲིག་ཆས་ལ་ཡོངས་སུ་བསྒྱུར་བཀོད་བཅོས་སྐྱོང་བྱས།མིག་སྔར་ཨར་ལས་དེ་བདེ་བླག་ངང་སྤེལ་བཞིན་ཡོད།དུས་རིམ་དང་པོའི་ཨར་ལས་ཀྱི་གཞི་འཛིན་གློག་ཤིང116བཙུགས་ཚར་བས།སྔོན་རྩིས་བྱེད་ན་ཨར་ལས་དེ་འདི་ཟླའི་ཚེས25ཉིན་ལ་གྲུབ་རྒྱུ་རེད།
ཁྱོན་བསྡོམས་མ་དངུལ་སྒོར་ཁྲི4850ལྷག་ཙམ་བརྒྱབ་པའི་ར་རྔ་ཁ་ནས་དཀར་མཛེས།སེར་ཤུལ་བར་གྱི་གློག་དྲ་སྦྲེལ་བའི་ལས་གྲྭའི་ཆ་ཚང་སྒྲིག་བཀོད་རྣམ་གྲངས3པོ་དེ་ཞིང་ཆེན་གློག་ཤུགས་ཀུང་སི་དཀར་མཛེས་ཡན་ལག་ཀུང་སིས་ཕྱོགས་མང་མཐུན་སྦྱོར་དང་ལྟ་སྐུལ་བྱེད་འོག་མིག་སྔར་མྱུར་པོར་ཨར་པོ་རྒྱག་པའི་དུས་སུ་སླེབས་ནས་ཟླ་བ8པའི་ཟླ་མཇུག་ལ་ཡོངས་སུ་གྲུབ་རྒྱུ་དང་།རྔ་ཁ་ནས་དཀར་མཛེས།སེར་ཤུལ་བར་གྱི་གློག་དྲ་སྦྲེལ་བའི་ལས་གྲྭའི་གཙོ་གནས་དང་མཐུད་སྦྲེལ་བྱ་རྒྱུ།དཀར་མཛེས་དང་སེར་ཤུལ་རྫོང་ཁོངས་ཀྱི་གློག་དྲ་དེ་གློག་དྲ་གཙོ་བོ་དང་སྦྲེལ་མཐུད་བྱ་རྒྱུ་དང་།རྫོང་གཉིས་ཀྱི་དགུན་དཔྱིད་དུས་ཚིགས་གཉིས་ནང་གློག་མི་འདང་བ་སོགས་ཀྱི་དཀའ་ངལ་སེལ་ནས་སང་ལོའི་དཔྱིད་གསར་དུས་ཆེན་སྔོན་དུ་གློག་གིས་སེར་ཤུལ་དང་དཀར་མཛེས་གསལ་ཐུབ་པའི་དམིགས་འབེན་དེ་མངོན་འགྱུར་ཐུབ་རེས་ཡོད།