ལི་ཐང་རྫོང་མུ་ལ་སྨད་མ་ཤང་གི་མང་ཚོགས་ཀྱི་འཐུང་ཆུའི་དཀའ་ངལ་སེལ།

དབྱངས་ཅན་གྱིས་བསྒྱུར།        2012-04-24

ཉེ་ཆར།ལི་ཐང་རྫོང་མུ་ལ་སྨད་མ་ཤང་གིས་འགན་གཙང་ལེན་བྱེད་མཁན་སྡེ་ཚན་གྱི་རོགས་སྐྱོར་འོགཤང་དེའི་མང་ཚོགས123གྱི་ཆུ་འཐུང་རྒྱུའི་གནད་དོན་ཐག་གཅོད་བྱས་པ་རེད།
     ད་ལོའི་དགུན་ཁ་ཤར་བ་ནས་བཟུང་ལི་ཐང་རྫོང་གི་མུ་ལ་སྨད་མ་ཤང་ལ་རྒྱུན་མཐུད་དེ་དྲོད་ཚད་དམའ་བའི་གནམ་གཤིས་ངན་པ་ཞིག་ཤར་བ་དང་།ཆུ་བོ་དང་ཆུ་ཕྲན་ཕལ་ཆེ་དང་།ཆུ་གསོག་རྫིང་བུ།ཆུ་རྐ།དུད་ཚང་དུ་འདྲེན་པའི་ཆུ་འདྲེན་ལྕགས་མདོང་སོགས་འཁྱགས་འཁེང་གྱུར་ཐོགབསྟུད་མར་ཟླ་བ3རིང་ཁ་བ་ཐེངས་ཞིག་ཀྱང་འབབ་མེད་པའི་རྐྱེན་གྱིས་ཤང་ཡོངས་ཀྱི་གྲོང་མི་ཚང་མར་ཆུ་འཐུང་རྒྱུ་རག་དཀའ་བ་བཟོས།གྲོང་མི་ས་ཐག་རིང་པོར་ཆུ་ལེན་འགྲོ་དགོས་པའི་དཀའ་སྡུག་སེལ་ཆེད།ཤང་ཏང་ཨུ་དང་སྲིད་གཞུང་གིས་འགན་གཙང་ལེན་བྱེད་མཁན་སྡེ་ཚན་དམངས་སྲིད་ཅུས་དང་དམིགས་ཡུལ་གཞུང་ལས་ཁང་གི་རོགས་སྐྱོར་འོགཤང་ཡོངས་ཀྱི་གྲོང་མི་འོས་འགན་ལས་ཞུགས་བྱ་རྒྱུ་སྒྲིག་འཛུགས་བྱས་ནས།ཧང་ཡེན་གྲོང་སྡེ་དང་།རྩེ་གང་གྲོང་སྡེ།རྒན་གསོ་ཁང་སོགས་ཆུ་ཚབས་ཆེན་མི་འདང་བའི་ས་གནས་གསུམ་གྱི་ཆུ་གསོག་རྫིང་བུ་དང་།ཆུ་རྐ།དུད་ཚང་དུ་འདྲེན་པའི་ཆུ་འདྲེན་ལྕགས་མདོང་ལ་གཙང་བཤེར་དང་།ཉམས་གསོ།ཆུ་ལམ་བསྒྱུར་བ་སོགས་བྱས་པས།མཐའ་ཧང་ཡེན་དང་།རྩེ་གང་།རྒན་གསོ་ཁང་བཅས་ལ་ལེགས་འགྲུབ་ངང་ཆུ་གཏོང་ཐུབ་པ་རེད།
     ཐེངས་འདིའི་ཉམས་གསོ་ལས་ཀའི་ནང་མི་གྲངས་དང་ཐེངས་གྲངས་ཁྱོན་བསྡོམས150དང་འདྲུད་འཐེན་འཁོར་ལོ་ཐེངས་གྲངས8མངགས་ནས་ཤང་དེའི་མང་ཚོགས123གྱི་ཆུ་འཐུང་རྒྱུའི་གནད་དོན་ཐག་གཅོད་བྱས་པ་རེད།
  • ལེ་ཚན་སྔོན་མ།:ཐུ་མིའི་མཛུབ་བྲིས་ཞེས་པའི་ཡིག་གཟུགས་འགྲན་བསྡུར་སྐོར་གྱི་བརྡ་ཐོ།
  • ལེ་ཚན་རྗེས་མ།: དཀར་མཛེས་རྫོང་གི་བརྡ་ཐང་མ་འབྲོག་ཁུལ་གྱི་དམིགས་བསལ་གནད་དོན་ལ་ཡང་དུ་ཕྱོགས་བསྡུས་ལེགས་སྒྲིག་གི་ལས་ཀ་སྤ
  • དོ་སྣང་ཆེ་བའི་རྩོམ།