དུས་རབས་ཉེར་གཅིག་པ་ནི་དུས་རབས་སྔོན་མ་ལས་མདུན་གྲལ་དུ་ཆས་ཏེ་འཕྲུལ་ཆས་མི་གཤིས་ཅན་དང་ཡིག་གཟུགས་རྩིས་འཕྲུལ་ཅན་གྱི་རང་གཤིས་ཤིག་ཆགས་ནས་ལག་བྲིས་ཡིག་གཟུགས་ཇེ་ཉུང་དུ་འགྲོ་བའི་ཁ་སང་དང་དེ་རིང་གི་དུས་འདིར།ཁམས་པའི་ཚགས་པར་ཁང་དང་དཀར་མཛེས་ཁུལ་བྲིས་མཁན་མཐུན་ཚོགས་གཉིས་ཀྱིས་ལག་བྲིས་ཡིག་གཟུགས་ཀྱི་ལང་ཚོ་མངོན་གང་ཐུབ་དང་།ཡིག་གཟུགས་ལ་དགའ་ཞེན་ཆེ་བའི་མི་སྣ་དག་གི་མིག་གི་ལོངས་སྤྱོད་དུ་བྲིས་རྩལ་དག་འདོན་སྤྲོད་བྱེད་ཆེད།འདི་ལོའི་ཟླ་བ་གསུམ་པ་ནས་བཅུ་པའི་ཟླ་མཇུག་བར་ཡིག་གཟུགས་དང་ཡིག་གཟུགས་དང་འབྲེལ་ཡོད་ཀྱི་དཔྱད་རྩོམ།གནའ་དེང་མཁས་པའི་ཕྱག་བྲིས་སོགས་བསྡུ་རུབ་བྱ་རྒྱུ་དང་།དེ་ནས་དེ་དག་ལས་དཔྱད་འདམ་བྱས་ཏེ་ཁམས་པའི་ཚགས་པར་གྱི་སྟེང་ནས་འགྲེམ་སྤེལ་བྱ་རྒྱུ་ཡིན་པས་ཡིག་གཟུགས་ལ་དུངས་ཞེན་ཆེ་བའི་བྲིས་མཁན་རྣམ་པས་དེ་ལུགས་ཐུགས་འཇགས་ཡོད་པར་ཞུ།
བྲིས་མཁན་དང་རྩོམ་པ་པོ་དག་གིས་ངེས་པར་དུ་དོ་སྣང་བྱེད་དགོས་པའི་གསལ་བརྡ་ཁག་གཤམ་གསལ།
གཅིག བྲིས་འབྲི་སའི་ཤོག་བུ༼A4 ༽ཚད་ཅན་གྱི་ཤོག་བུ་ཡིན་དགོས།
གཉིས།ཡིག་གཟུགས་ལ་དབུ་ཅན་དང་དབུ་མེད་སོགས་བྲིས་ཀྱི་རྣམ་པ་གང་རུང་ཡིན་ཡང་ཆོག
གསུམ།བྲིས་ཀྱི་འགྲན་བསྡུར་འདི་ཉིད་ཁམས་ཁུལ་ཁོ་ནར་སྤེལ་བའི་བྱ་འགུལ་ཞིག་ཡིན།
བཞི།འདི་ལོའི་ཟླ་བཅུ་གཅིག་པའི་ནང་བྲིས་དང་དཔྱད་རྩོམ།གནའ་རབས་ཕྱག་བྲིས་སོགས་དཔྱད་འདམ་བྱས་ནས་བྱ་དགའ་ཨང་དང་པོ་གཅིག་དང་།གཉིས་པ་གཉིས།གསུམ་པ་གསུམ།ཕུལ་བྱུང་བྱ་དགའ་བཅུ་བཅས་བདམས་ནས་སྒོར་མོ་དང་དཔང་རྟགས་སྤྲོད་རྒྱུ་ཡིན།
ལྔ། བྲིས་ཀྱི་ནང་དོན་ཆབ་སྲིད་དང་འགལ་མི་རུང་།
དྲུགབྲིས་མཁན་དང་རྩོམ་པ་པོ།གནའ་རབས་ཡིག་གཟུགས་མཁོ་སྤྲོད་བྱེད་མཁན་བཅས་ཀྱིས་རང་ཉིད་ཀྱི་སྡོད་གནས་དང་ལས་ཁུངས།ཁ་པར་ཨང་གྲངས།སྦྲག་ཨང་སོགས་འབྲེལ་གཏུག་བྱ་ཡུལ་གསལ་པོ་འབྲི་བ་དང་།དེ་དང་མཉམ་དུ་རང་ཉིད་ཀྱི་ངོ་སྤྲོད་ཐུང་ངུ་ཞིག་ཀྱང་ཤོག་ངོས་གཞན་ནས་བྲིས་སྟེ་བསྐུར་བར་འཚལ།
བདུན།འབྲེལ་གཏུག་དང་ཡིག་གཟུགས་སོགས་བསྐུར་ཡུལ་ཏེ།དཀར་མཛེས་ཁུལ་དར་མདོའི་འོད་གསལ་ཁྲོམ་ལམ་སྒོ་རྟགས་ཨང66པ་དཀར་མཛེས་ཉིན་རེའི་ཚགས་པར་ཁང་།
通信地址:甘孜州康定县光明路66号(甘孜日报藏编部)
联系人:克珠罗布
邮箱:1603992356@qq.com
联系电话:13568298822
ཁམས་པའི་ཚགས་པར་ཁང་དང་དཀར་མཛེས་ཁུལ་བྲིས་མཁན་མཐུན་ཚོགས་ནས། ཟླ3པའི་ཚེས20ཉིན།