རོང་བྲག་རྫོང་གི་ཞིང་ལས་དང་འབྲེལ་བའི་སྡེ་ཁག་གིས་དཔྱིད་རྨོད་ལ་རོགས་བྱས།
སྒྲོལ་མ་ཚེ་མཚོ། 2012-04-17
ཉེ་ཆར།རོང་བྲག་རྫོང་གིས་དཔྱིད་རྨོད་གྲ་སྒྲིག་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དེ་མིག་སྔའི་ལས་ཀའི་ནང་གལ་ཆེ་བའི་བའི་ནང་གི་ཆེ་བ་བྱས་ནས་དམ་འཛིན་བྱ་རྒྱུ་དོན་འཁྱོལ་བྱས་པར་མ་ཟད།ད་ལོར་དབྱར་ཐོག་ཐོན་སྐྱེད་ལས་ཀར་བཀོད་སྒྲིག་བྱས་ཤིང་།ཁྲིད་སྟོན་བསམ་བློ་གསལ་པོ་བྱས་པ་དང་ལས་འགན་བྱེད་ཐབས་ཞིབ་ཕྲ་བྱས་པ་རེད།
རྫོང་དེའི་ཞིང་ལས་དང་འབྲེལ་བའི་སྡེ་ཁག་གིས་དཔྱིད་རྨོད་གྲ་སྒྲིག་བྱེད་པའི་སྐབས་སུ།ཧུར་ཐག་གིས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གནས་ཚུལ་བརྟག་ཞིབ་བྱེད་པའི་ལས་ཀ་ཡག་པོ་བསྒྲུབ་པ་དང་།ཐབས་བརྒྱ་ཇུས་སྟོང་གི་མ་དངུལ་གྲབས་གཤོམ་བྱས་ནས་ཐོན་སྐྱེད་དང་འཚོ་བའི་ཐད་དཀའ་ངལ་ཡོད་པའི་མང་ཚོགས་ལ་རྒུད་སྐྱོབ་རོགས་སྐྱོར་བྱས་ནས་མང་ཚོགས་ཀྱི་དཀའ་གནད་ལས་སྒྲོག་རོགས་བྱས་པ་རེད།
མིག་སྔར་བསླེབས་དུས།ཁྱོན་བསྡོམས་རིགས་སྣ་ཚོགས་ཀྱི་སྔོ་ཚལ་ས་བོན་ཏུན198དང་རྫས་ལུད་ཏུན30 གྲ་སྒྲིག་བྱས་ཚར་འགྱིག་ཤོག་ཏུན30 ཞིང་སྨན་ཏུན2བཅས་སྤྲད་པ།འཕྲུལ་སྒུལ་སྨན་གཏོར་འཕྲུལ་ཆས50དང་རྨོ་འདེབས་འཕྲུལ་ཆས་ཆུང་གྲས20སྐྱེལ་འདྲེན་བྱས་པ་རེད།དུས་མཚུངས་སུ་སྒོ་ཀུན་ནས་ཞིང་ལས་ཀྱི་དངོས་རྫས་ཚོང་རར་ལེགས་སྒྲིག་དག་ཐེར་བྱས་པ་དང་།གཙོ་གནད་དུ་ས་བོན་དང་ལུད་རྫས།ཞིང་སྤྱོད་འགྱིག་ཤོག་སོགས་གཙོ་གནད་ཞིང་སྤྱོད་ཐོན་རྫས་མཁོ་སྤྲོད་དང་རིན་གོང་ལྟ་སྐུལ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཅིང་།ཞིང་སྤྱོད་དངོས་རྫས་མི་འདང་བ་དང་རིན་གོང་འཕར་ཆག་ཆེན་པོ་ཡོང་བར་བཀག་འགོགསྨན་རྫས་རྫུན་མ་དང་སྤུས་ཞན་ལ་བཀག་འགོག་ནན་པོ་བྱས་ནས་ཞིང་པའི་ཁྲིམས་མཐུན་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།