དར་མདོ་རྫོང་གིས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་གསབ་དངུལ་དང་བྱ་དགའ་སྤྲོད་པའི་ནང་རྐྱེན་འཛུགས་གཉེར་བྱས།

དབྱངས་ཅན་གྱིས་བསྒྱུར།        2012-04-10

ཉེ་ཆར།དར་མདོ་རྫོང་གིས“སྔ་ཚེ་ནས་བྱ་འགུལ་སྤེལ་བ་དང་། སྔ་ཚེ་ནས་ཐབས་ཇུས་བཏོན་པའི་”ལས་ཀའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་གསབ་དངུལ་དང་བྱ་དགའ་སྤྲོད་པའི་དུས་སྐབས་སྔ་མའི་ལས་ཀ་སྐུལ་འདེད་གཏོང་གང་ཐུབ་བྱས་པ་རེད།རྫོང་དེས་སྲིད་གཞུང་གི་འགོ་ཁྲིད་ཨང་དང་པོས་ཚོ་དཔོན་གྱི་འགན་བཞེས་པ་དང་།འབྲེལ་ཡོད་སྡེ་ཁག་དང་།ཤང་།གྲོང་རྡལ་བཅས་ཀྱི་འགན་ཁུར་མི་སྣས་གྲུབ་མི་བྱས་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་གསབ་དངུལ་དང་བྱ་དགའ་སྤྲོད་པའི་ནང་རྐྱེན་གྱི་ལས་ཀ་ལག་བསྟར་བྱེད་པའི་འགོ་ཁྲིད་ཚོ་ཆུང་འཛུགས་གཉེར་བྱས་ཏེ་ཁྱོན་ཡོངས་ནས་དུས་སྐབས་སྔ་མའི་ལས་ཀར་སྐུལ་འདེད་གཏོང་རྒྱུའི་འགན་ཁུར་བ་རེད།ཟླ་བ2པའི་ཟླ་དཀྱིལ་དུ་རྫོང་ཡོངས་ཀྱི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་གསབ་དངུལ་དང་བྱ་དགའ་སྤྲོད་པའི་སྲིད་ཇུས་ཀྱི་དུས་སྐབས་སྔ་མའི་ལས་ཀའི་གྲོས་ཚོགས་འཚོགས་པ་དང་།རྫོང་རིམ་པའི་སྡེ་ཁག་སོ་སོ་དང་ཤང་དང་གྲོང་རྡལ་གྱི་འགན་ཁུར་མི་སྣ་ལ་རྒྱལ་ཁབ་དང་།ཞིང་ཆེན།ཁུལ་བཅས་ཀྱི་འབྲེལ་ཡོད་བླང་བྱ་བརྒྱུད་བསྒྲགས་བྱས་པར་མ་ཟད་འབྲེལ་ཡོད་དུས་སྐབས་སྔ་མའི་ལས་ཀ་བཀོད་སྒྲིག་བྱས་པ་དང་ཆབས་ཅིགརྐང་འཛིན་གྱི་ལས་སྒོའི་མི་སྣ6མངགས་ནས་གཞི་རིམ་དུ་ཕྱིན་པ་དང་ཡུན་རིང་ས་གནས་ལ་བཅའ་སྡོད་བྱས་ནས་ཤང་དང་གྲོང་རྡལ་གྱི་འབྲེལ་ཡོད་གཞི་གྲངས་བསྡོམས་རྩིས་དང་ཞིབ་བཤེར་གཏན་འབེབས་ཀྱི་ལས་ཀར་ཁྲིད་སྟོན་བྱས་པ་རེད།
  • ལེ་ཚན་སྔོན་མ།:རྒྱལ་ཁབ་དང་ཞིང་ཆེན་གྱི་འཕྲོད་བསྟེན་ལས་སྒྲུབ་ཚོ་ཆུང་རང་ཁུལ་དུ་ཕྱིན་ནས་ལྟ་སྐུལ་ཁྲིད་སྟོན་བྱས།
  • ལེ་ཚན་རྗེས་མ།:རོང་བྲག་རྫོང་གི་ཞིང་ལས་དང་འབྲེལ་བའི་སྡེ་ཁག་གིས་དཔྱིད་རྨོད་ལ་རོགས་བྱས།
  • དོ་སྣང་ཆེ་བའི་རྩོམ།