རྒྱལ་ཁབ་དང་ཞིང་ཆེན་གྱི་འཕྲོད་བསྟེན་ལས་སྒྲུབ་ཚོ་ཆུང་རང་ཁུལ་དུ་ཕྱིན་ནས་ལྟ་སྐུལ་ཁྲིད་སྟོན་བྱས།

དབྱངས་ཅན་གྱིས་བསྒྱུར།        2012-04-10

ཉེ་ཆར།རྒྱལ་ཁབ་འཕྲོད་བསྟེན་པུའུ་ཡི་ནད་རིགས་སྔོན་འགོག་ཚོད་འཛིན་ཅུས་དང་ཞིང་ཆེན་ནད་རིགས་ཚོད་འཛིན་ལྟེ་གནས་ཀྱི་ཆེད་ལས་མཁས་ཅན་ལས་གྲུབ་པའི་འཕྲོད་བསྟེན་ལྟ་སྐུལ་ཁྲིད་སྟོན་ཚོ་ཆུང་རང་ཁུལ་དུ་ཕྱིན་ནས་སྒལ་རུས་ཀྱི་ཀླད་གཞུངས་སྐྱ་བོར་གྱུར་པའི་གཉན་ཚད་དང་སིབ་བིའི་འགོ་ནད་ཐར་བའི་ལས་ཀར་ཞིབ་བཤེར་དང་ཁྲིད་སྟོན་བྱས་པ་རེད།ལྟ་སྐུལ་ཁྲིད་སྟོན་ཚོ་ཆུང་ཡུལ་དངོས་སུ་ཁུལ་མི་དམངས་སྨན་ཁང་དང་།ཁུལ་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས།རྟའུ།བྲག་འགོདཀར་མཛེས་སོགས་རྫོང་གི་སྒལ་རུས་ཀྱི་ཀླད་གཞུངས་སྐྱ་བོར་གྱུར་པར་རིམས་འགོག་སྨན་ཁབ་རྒྱག་རྒྱུ་དང་འགོ་ནད་ཐར་བའི་ལས་ཀར་སྐུལ་ཁྲིད་སྟོན་བྱས་པ་དང་།དངོས་དཔེ་འཚོལ་བསྡུ་དང་སྐྱེལ་འདྲེན་བྱ་རྒྱུ།ཚོད་ལྟ་ཁང་གི་ཞིབ་བཤེར་ལས་ཀ་སོགས་ལ་ཞིབ་བཤེར་ཁྲིད་སྟོན་བྱས་པ། རིམས་ནད་རིག་པ་སོགས་ལ་བརྟག་དཔྱད་དང་། ཁུལ་དང་རྫོང་གི་རྩ་འཛུགས་དང་འགོ་ཁྲིད། དྲིལ་བསྒྲགས་སྐུལ་སློང་། གསོ་སྦྱོང་ཁྲིད་སྟོན། ཡིག་ཆ་འཚོལ་བསྡུ། འཁོར་རྒྱུག་དང་དབྱེ་ཞིབ། གནས་ཚུལ་སོགས་ལ་ཆེད་དམིགས་ཞིབ་བཤེར་བྱས་པ་རེད།ཐེངས་འདིའི་ལྟ་སྐུལ་ཁྲིད་སྟོན་བྱས་པར་བརྒྱུད།སྔར་ལྷག་གིས་རང་ཁུལ་གྱི་འགོ་ནད་སྔོན་འགོག་གི་འཆར་འགོད་ལས་ཀ་ཚད་ལྡན་བྱས་པ་དང་།རེས་འདིའི་འགོ་ནད་ཐར་བའི་བྱེད་སྒོ་བདེ་བླག་ངང་སྤེལ་ཐུབ་པར་སྐུལ་འདེད་བཏང་ནས།ཁུལ་ཡོངས་ཀྱི་སྒལ་རུས་ཀླད་གཞུངས་སྐྱ་བོར་གྱུར་པའི་གཉན་ཚད་དང་སིབ་བིའི་འགོ་ནད་སེལ་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་རེད།
  • ལེ་ཚན་སྔོན་མ།:བློ་གྲོས་ལ་བརྟེན་ནས་བོད་ཁུལ་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བྱེད།
  • ལེ་ཚན་རྗེས་མ།:དར་མདོ་རྫོང་གིས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་གསབ་དངུལ་དང་བྱ་དགའ་སྤྲོད་པའི་ནང་རྐྱེན་འཛུགས་གཉེར་བྱས།
  • དོ་སྣང་ཆེ་བའི་རྩོམ།