བློ་གྲོས་ལ་བརྟེན་ནས་བོད་ཁུལ་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བྱེད།

མིག་དམར་གྱིས་བསྒྱུར།        2012-04-10

སི་ཁྲོན་བོད་ཁུལ་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ལ་འཕྲད་པའི་དཀའ་ངལ་དང་གནད་དོན་ནི་ཀྲུང་གོ་མྱུར་བགྲོད་གཞུང་ལམ་ལ་ཉེ་བའི་ལོ30ཡི་ནང་འཛུགས་སྐྲུན་གྱི་ལོ་རྒྱུས་ཐོག་འཕྲད་པའི་དཀའ་ངལ་དང་གནད་དོན་ལས་ཆེ་ལ།རྙོག་འཛིང་ཡང་དེ་བས་ཀྱང་ཆེ་བ་ཞིག་ཡིན་པ་རེད།ཟླ་བ3པའི་ཚེས2ཉིན་ལ་འཚོགས་པའི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཆེད་རམས་པ་ཨུ་ཡོན་ལྷན་ཚོགས་སི་ཁྲོན་བོད་ཁུལ་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་གྱི་ཆེད་རམས་པ་ཚོ་ཆུང་གི་ཐེངས་དང་པོའི་གྲོས་ཚོགས་སུ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་བཟོ་བཀོད་པ་ཀྲོའུ་ཧའེ་ཐའོ་ཡིས་བཤད་པའི་སྐད་ཆ་དུམ་བུ་ཞིག་རེད།ཟླ་བ3པའི་ཚེས1ཉིན།ཆེད་རམས་པ་ཚོ་ཆུང་གིས་རྒྱལ་ཡོངས་འགྲིམ་འགྲུལ་ཨར་ལས་ཁོངས་གཏོགས་ཀྱི་ཆེས་མཁས་པའི་ཆེད་རམས་པ་དང་རྩེར་སོན་པའི་ལག་རྩལ་སྟོབས་ཤུགས་ཏེ་དེའི་ནང་ཀྲུང་གོ་ཚན་རིག་ཞིབ་འཇུག་ཁང་གི་ཡོའན་ཧྲི3ཚུད་པའི་ཆེད་རམས་པ27གྱིས་སི་ཁྲོན་བོད་ཁུལ་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ལ་རྟོག་ཞིབ་བྱས་ནས་གྲོས་ཚོགས་འཚོགས་ཏེ་བོད་ཁུལ་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་གྱི་གལ་ཆེའི་ལག་རྩལ་གྱི་དཀའ་གནད་ལ་ཞིབ་འཇུག་བྱས་པ་དེ་ནི་སི་ཁྲོན་མ་ཚད་ཐ་ན་རྒྱལ་ཡོངས་སུ་སྔར་ཡོད་མ་མྱོང་བ་ཞིག་རེད།སི་ཁྲོན་བོད་ཁུལ་ནི་རང་རྒྱལ་གྱི་བོད་རིགས་འདུས་སྡོད་ས་ཁུལ་ཨང་གཉིས་པ་ཡིན་ལ།རང་རྒྱལ་གྱི་ནུབ་བྱང་དང་ནུབ་ལྷོ་ས་ཁུལ་འབྲེལ་བའི་གལ་ཆེ་བའི་འགྲིམ་འགྲུལ་གྱི་བར་ཁྱམས་ཤིག་ཀྱང་ཡིན་སྟབས།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།ཞིང་ཆེན་ཏང་ཨུ།ཞིང་ཆེན་སྲིད་གཞུང་བཅས་ཀྱིས་བོད་ཁུལ་གྱི་འགྲིམ་འགྲུལ་འཛུགས་སྐྲུན་འཕེལ་རྒྱས་ལ་མཐོང་ཆེན་མཛད་པ་རེད།ཤེས་རྟོགས་བྱུང་བར་གཞིགས་ན།ཉེ་ཆར་གཡག་རྔ་ནས་དར་མདོ་དང་ཝུན་ཁྲོན་ནས་འབར་ཁམས་སོགས་བོད་ཁུལ་གྱི་མྱུར་བགྲོད་གཞུང་ལམ4ལས་འགོ་འཛུགས་རྒྱུ་རེད།
  • ལེ་ཚན་སྔོན་མ།:གླིང་སྲས་བོད་ཡིག་དྲྭ་ཚུགས་དངོས་སུ་དྲྭ་ལམ་དུ་སྤེལ་བ།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་དང་ཞིང་ཆེན་གྱི་འཕྲོད་བསྟེན་ལས་སྒྲུབ་ཚོ་ཆུང་རང་ཁུལ་དུ་ཕྱིན་ནས་ལྟ་སྐུལ་ཁྲིད་སྟོན་བྱས།
  • དོ་སྣང་ཆེ་བའི་རྩོམ།