ཉག་རོང་རྫོང་གིས་དཀའ་ངལ་ཡོད་པའི་ལས་བཟོ་ལ་ལྟ་སྐོར་དང་འཚམས་འདྲི་བྱས།
དབྱངས་ཅན་གྱིས་བསྒྱུར། 2012-04-17
ཉེ་ཆར།ཉག་རོང་རྫོང་གིས་འཚམས་འདྲིའི་མ་དངུལ་སྒོར་ཁྲི3ལྷག་གྲབས་གསོག་བྱས་ནས་ཁེ་ལས་དང་དཀའ་ངལ་ཡོད་པའི་ལས་བཟོ་འགའ་ཡི་ཁྱིམ་དུ་ཕྱིན་ནས་ལྟ་སྐོར་དང་འཚམས་འདྲིའི་བྱེད་སྒོ་སྤེལ་བ་དང་།དཀའ་ངལ་ཡོད་པའི་ལས་བཟོའི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་པ་རེད།
བྱེད་སྒོའི་ཁྲོད་ལས་སྒྲུབ་ཚོ་ཆུང་གིས་དཀའ་ངལ་ཡོད་པའི་ལས་བཟོ་དང་བསམ་བློ་བརྗེ་ལེན་བྱས་ནས་ཁོ་ཚོའི་མིག་སྔར་གྱི་ལས་ཀ་དང་།ཐོན་སྐྱེད།འཚོ་བ་བཅས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་དང་།ནན་ཏན་གྱིས་ཁོ་ཚོས་བཏོན་པའི་བསམ་འཆར་སྣ་ཚོགས་ཉན་འཇོག་བྱས་པར་མ་ཟད།འཚོ་བའི་རོགས་སྐྱོར་མ་དངུལ་དུས་ཐུག་ཏུ་དཀའ་ངལ་ཡོད་པའི་ལས་བཟོ53གྱི་ལག་ཏུ་སྤྲད་པ་རེད།ཏང་དང་སྲིད་གཞུང་གིས་དཀའ་ངལ་ཡོད་པའི་ལས་བཟོ་ལ་ཐུགས་ཁུར་གནང་བ་བཀའ་དྲིན་ཆེ་ང་ཚོས་རྗེས་མར་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་འོགནམ་ཡང་ཏང་གི་བཀའ་དྲིན་སེམས་ལ་བཅངས་ནས་འཕེལ་རྒྱས་དང་བརྟན་བརླིང་གི་རྣམ་པ་བཟང་པོ་ལ་དེ་བས་གཅེས་སྤྲས་དང་དེ་བས་ཧུར་ཐག་གིས་ལས་དོན་བསྒྲུབ་རྒྱུ་ཡིན་པ་དང་།བྱས་རྗེས་གསར་པ་བཞག་ནས་ཏང་དང་སྤྱི་ཚོགས།མི་དམངས་སོགས་ལ་དྲིན་ལན་འཇལ་ངེས་ཡིན་ཞེས་ལས་བཟོའི་འཐུས་ཚབ་ཀྲུའུ་ག་གེ་མོས་སེམས་འགུལ་ཐེབས་པའི་ངང་དེ་ལྟར་བཤད།