གསེར་ཐར་རྫོང་གིས་མང་ཚོགས་ལ་སློབ་གསོའི་ལས་ཀ་ཟབ་ཏུ་སྤེལ་བ།
དབྱངས་ཅན་གྱིས་བསྒྱུར། 2012-03-06
ཚེས13ཉིན་གསེར་ཐར་རྫོང་གིས་རྫོངས་ཡོངས་སུ་མཐུན་སྒྲིལ་བརྟན་བརླིང་ནི་བདེ་སྐྱིད་ཡིན་པ་དང་།ཁ་བྲལ་གཏོར་བཤིག་ནི་ཆག་སྒོ་ཡིན་ཞེས་བརྗོད་བྱ་གཙོ་བོ་བྱས་པའི་མང་ཚོགས་ལ་སློབ་གསོ་དང་སྲིད་ཇུས་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་རེད།ཚེས14ནས་ཚེས20ཡི་བར་རྫོང་དེའི་ལས་སྒྲུབ་ཚོ་ཆུང17གྱིས་མང་ཚོགས་ཀྱི་ཚོགས་ཆེན་འཚོགས་པ་དང་།ཁྲིམས་ལུགས་སློབ་གསོའི་སློབ་སྦྱོང་འཛིན་གྲྭ་བཙུགས་པ།དགོན་སྡེ་དང་མང་ཚོགས་ཀྱི་ཁྱིམ་དུ་ཕྱིན་ནས་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་ནས་མང་ཚོགས་ལ་སློབ་གསོ་དང་སྲིད་ཇུས་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་རེད།མང་ཚོགས་ལ་སློབ་གསོ་དང་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་ཆབས་ཅིགལས་སྒྲུབ་ཚོ་ཆུང་གིས་ད་དུང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་གནས་པའི་མངོན་གསལ་གྱི་གནད་དོན་དང་།འགལ་བ་དང་རྩོད་གླེང་བཅས་ལ་ཤེར་རྟོགས་ཟབ་མོ་བྱས་ནས་ནུས་ལྡན་གྱིས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཐེབས་པའི་དངོས་ཡོད་ཀྱི་དཀའ་ངལ་ཚོ་གཅིག་ཐག་གཅོད་བྱ་རྒྱུ་རེད།སློབ་གསོའི་ལས་ཀར་སྔོན་དཔག་གི་གྲུབ་འབྲས་ཐོབ་པར་ཁག་ཐེག་བྱེད་ཆེད།རྫོང་དེས་ད་དུང་དྲིལ་བསྒྲགས་དང་རྩ་འཛུགས་སོགས་སྡེ་ཁག་ལས་གྲུབ་པའི་བྱེད་སྒོའི་ལྟ་སྐུལ་ཚོ་ཆུང་སྒྲིག་འཛུགས་བྱས་ནས་བྱེད་སྒོའི་ལྟ་སྐུལ་ཁྲིད་སྟོན་བྱ་རྒྱུའི་འགན་ཁུར་བ་རེད།