བོད་ཀྱི་ལོ་གསར་སྔོན་དུ་དཀར་མཛེས་རྫོང་གིས་བརྡ་ཐང་མ་འབྲོག་ཁུལ་དུ་འཚམས་འདྲི་མ་དངུལ་སྒོར་ཁྲི2500དང་ཁུར་བདེ་བའི་ཉི་ནུས་གྲངས་གཞི་ཅན་གྱི་བརྙན་འཕྲིན་འཕྲུལ་ཆས1200གཏོང་སྤྲོད་བྱས།
(དཀར་མཛེས་རྫོང་གི་ལས་ཞོར་གསར་འགོད་པ་བདེ་སྐྱིད་ནས།) 2012-02-20
བོད་ཀྱི་ལོ་གསར་ཡོང་གྲབས་ཡོད་པའི་སྐབས་སུ་དཀར་མཛེས་རྫོང་གི་འགོ་ཁྲིད་གཙོ་བོ་ཀྲང་ཡོང་ཏེ་དང་ལུང་མིང་ཨ་སྒྲོན་རྣམས་གཉིས་ཀྱིས་ཁག་དབྱེ་སྟེ་ལས་སྒྲུབ་ཚོ་ནང་གཉིས་ཁྲིད་དེ་བརྡ་ཐང་མའི་ཚྭ་ལུང་དང་ཚ་དྲག་སོགས་ཀྱི་འབྲོག་ཁུལ་དུ་ཕྱིན་ནས་འཚམས་འདྲིའི་བྱེད་སྒོ་ཆེན་པོ་སྤེལ་བ།
བརྡ་ཐང་མའི་ཚྭ་ལུང་དང་ཚ་དྲག ཁ་ལུང་།བརྡ་བདེ་བཅས་ཀྱི་ཤང་བཞི་རུ་ལས་སྒྲུབ་ཚོ་ཆུང་གི་འགོ་ཁྲིད་རྣམས་ཀྱིས་རྫོང་དེའི་ཚོགས་པ་ཆེན་པོ་བཞིའི་ཚབས་བྱས་ནས་རྒྱ་ཆེའི་འབྲོག་པ་མང་ཚོགས་ལ་ལོ་གསར་གྱི་བཀྲ་ཤིས་སྨོན་འདུན་ཞུས་པ་དང་།ཏང་དང་རྒྱལ་ཁབ་ཀྱིས་འབྲོག་པའི་གཞིས་ཆགས་བྱ་སྤྱོད་འཆར་གཞི་དང་སྦྲ་གུར་གྱི་འཚོ་བ་གསར་པའི་བྱ་སྤྱོད་ལག་བསྟར།ཞིང་འབྲོག་མང་ཚོགས་ཀྱི་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་གཏོང་རྒྱུའི་ལོ་བཅུའི་བྱ་སྤྱོད་འཆར་གཞི།བོད་ཁུལ་དུ་ལོ་དགུ་ཐོག་གསུམ་སྣོན་གྱི་སློབ་ཡོན་མི་དགོས་པའི་འབྲིང་རིམ་ལས་རིགས་སློབ་གསོ་སོགས་དམངས་ཕན་སྲིད་ཇུས་ལག་ལེན་བསྟར་ཚུལ་ངོས་སྤྲོདབྱས་པ་མ་ཟད།ཉེ་བའི་ལོ་ཤས་རིང་རྫོང་དེའི་དམངས་འཚོ་ལེགས་བཅོས་དང་སྤྱི་ཚོགས་ཡར་ཐོན་ཡོང་བ་སོགས་ཀྱི་འགྱུར་ལྡོག་གསར་པའམ་ངོ་སྤྲོད་བྱས་པ།
འཚམས་འདྲིའི་ཚོགས་ཆེན་ཐོག་རྫོང་འགོ་ཁྲིད་ཀྱིས་རྒྱལ་ཁབ་རྒྱང་བསྒྲགས་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཡིས་འབུལ་བའི་ཁུར་བདེ་བའི་ཉི་ནུས་གྲངས་གཞི་ཅན་གྱི་བརྙན་འཕྲིན་འཕྲུལ་ཆས་འབྲོག་མང་ཚོགས་ལ་གཏོང་སྤྲོད་བྱས་ཡོད་པར་མ་ཟད།རྫོང་བརྙན་འཕྲིན་ཅུས་ཀྱི་ཆེད་ལས་པས་བརྙན་འཕྲིན་གཏོང་སྤྲོད་ཀྱི་ལས་ཡུལ་དངོས་སུ་གོ་བདེ་ཤེས་སླ་བའི་བོད་སྐད་ཐོག་ནས་བརྙན་འཕྲིན་སྤྱོད་རྒྱུའི་ཤེས་བྱ་འགྲེམ་བཤེད་བྱས་ཡོད།
འཚམས་འདྲི་ཚོགས་ཆུང་གིས་ད་དུང་དབུལ་ཕོངས་ཏང་ཡོན་དང་རྒན་གྲས་གསུམ་གྱི་ལས་བྱེད་པ།ཆེས་དབུལ་ཕོགས་དུད་ཚང་སོགས་ཀྱི་ཁྱིམ་དུ་ཕྱིན་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཚད་མེད་དེ་ཁོ་ཚོར་བསྐྱལ་བ་དང་།རྒན་གསོ་ཁང་གི་མི་རྒན་རྣམས་ལ་གོས་གསར་བསྐྱལ་བ།རྒྱ་ཆེའི་འབྲོག་མང་ཚོགས་ཀྱིས་སེམས་འགུལ་ཐེབས་པའི་ངང་ནས་ཡང་ཏུ་ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཆེ།ང་ཚོས་ཏང་དང་སྲིད་གཞུང་གི་རྗེས་སུ་འབྲང་ནས་ཕྱུགས་འབྲོག་ལས་རིགས་འཕེལ་རྒྱས་བཏང་ནས་ཏང་དང་སྲིད་གཞུང་ལ་དྲིན་ལེན་འཇལ་རྒྱུ་ཡིན་ཞེས་བཤད་པ།
ཐེངས་འདིའི་འཚམས་འདྲི་བྱེད་སྒོ་ནང་འཚམས་འདྲིའི་མ་དངུལ་སྒོར་ཁྲི་2500དང་ཁུར་བདེ་བའི་ཉི་ནུས་གྲངས་གཞི་ཅན་གྱི་བརྙན་འཕྲིན་འཕྲུལ་ཆས1200གཏོང་སྤྲོད་བྱས་ཡོད།