བྲག་འགོ་དང་གསེར་ཐར་གྱིས་བོད་ལོ་གསར་སྔོན་དུ་ཚོང་རར་ཕྱོགས་བསྡུས་ཞིབ་བཤེར་བྱས།

(གསར་འགྱུར་པ་ཡེ་མགོན་གྱིས།)        2012-02-20

བོད་ཀྱི་ལོ་གསར་སླེབས་གྲབས་ཡོད་པའི་སྐབས་སུ།བྲག་འགོ་དང་གསེར་ཐར་རྫོང་བཟོ་ཚོང་ཅུས་ཀྱིས་འབྲེལ་ཡོད་ལས་ཁུངས་སྣེ་ཁྲིད་བྱས་ནས་རྫོང་ཡོངས་ཀྱི་ཚོང་རར་ཕྱོགས་བསྡུས་ཞིབ་བཤེར་བྱས་པ་རེད།
ཐེངས་འདིར་ཞིབ་བཤེར་བྱེད་སྐབས།བྲག་འགོ་རྫོང་གིས་མིའི་ཐེངས་གྲངས37བཀོད་སྒྲིག་བྱས་ཏེ་བཟའ་བཅའ་འཁོར་རྒྱུག་བྱེད་མཁན་གྱི་སྡེ་ཚན128དང་བཟའ་བཅའ་ཞབས་ཕྱི་བྱེད་མཁན་གྱི་སྡེ་ཚན105དང་།བཟའ་བཅའ་ཐོན་སྐྱེད་ལས་སྣོན་བྱེད་མཁན་གྱི་སྡེ་ཚན5དང་ཞིང་ལས་ཚོང་ར།ཤ་རིགས་འཚོང་སའི་ས་ཚུགས12ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།ཐོན་སྐྱེད་བྱེད་པའི་རིམ་ཁྲོད་དུ་ཆོད་དོན་དང་མི་མཐུན་པ་བཟའ་བཅའ་ཞབས་ཕྱི་བྱེད་མཁན་གྱི་སྡེ་ཚན3ལ་དུས་བཀག་ནང་ལེགས་བཅོས་བྱ་རྒྱུའི་བརྡ་ཐོ་བཀྲམ་པས་མ་ཚད།སྤུས་ཀ་ཞན་པའི་བཟའ་བཅའ་རིགས་རྣམས་གཞུང་བསྡུས་དང་མེད་པ་བཟོས་ཡོད།
ཡང་གནས་ཚུལ་འབྱོར་གསལ།ཉེ་ཆར་གསེར་ཐར་རྫོང་གིས་ལས་སྒྲུབ་མི་སྣ་སྒྲིག་འཛུགས་བྱས་ཏེ་སྔོན་རྗེས་སུ་རྫོང་ཡོངས་ཀྱི་རང་འདེམས་ཚོང་ཁང་དང་སྔོ་ཚལ།ཤ་རིགས།ཞིང་སྡེ་ཚོང་ར།བཟའ་བཅའ་སྨན་རྫས་བདག་གཉེར་བྱེད་མཁན་གྱི་ཁེ་ལས་སོགས་ཀྱི་ཚོང་རྫས་སྤུས་ཀའི་ཐད་གཙོ་གནད་དུ་ཞིབ་བཤེར་བྱས་མཐར།བཟའ་བཅའི་ཐད་ཉེན་ཁ་ཡོད་པ་དང་ཟོག་གོང་ཧམ་སྤར་བྱེད་མཁན་གྱི་ཚོང་གཉེར་ཁང་གཉིས་ལ་དུས་བཀག་ནང་ལེགས་བཅོས་བྱ་རྒྱུའི་རེ་བ་བཏོན་ནས་བོད་ལོ་གསར་སྐབས་ཀྱི་ཚོང་ར་བརྟན་པོ་ཡོང་བར་ཁག་ཐེག་བྱས།
  • ལེ་ཚན་སྔོན་མ།:རང་རེའི་ཞིང་ཆེན་གྱིས་འབྲོག་ཁུལ་མཆོང་རྒལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་མགྱོ གས་པོ་བཏང་ནས2020ལོར་སླེབས་དུ
  • ལེ་ཚན་རྗེས་མ།:སློབ་གསོ་འཕེལ་རིམ་ཁྲོད་དུ་རང་ཁུལ་གྱི་བུ་རྒྱུད་ཚོ་རྨོངས་པ་སེལ་བའི་ལམ་བུར་བསྐྱོད།
  • དོ་སྣང་ཆེ་བའི་རྩོམ།