དཀར་མཛེས་རྫོང་གིས་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་ཀ་ཏན་ཏིག་སྤེལ།

དབྱངས་ཅན་གྱིས་བསྒྱུར།        2012-02-16

སྔར་ལྷག་གིས་མང་ཚོགས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་ཀ་ཡག་པོ་བྱེད་ཆེད།དཀར་མཛེས་རྫོང་གིས་ཁྲིམས་ལུགས་ཀྱིས་ཚད་ཐིག་བྱ་རྒྱུ་དང་ཀུན་སྤྱོད་ཀྱིས་ཚད་གཞི་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་།རྩོད་ཐབས་བྲལ་བའི་དོན་དངོས་ཀྱི་ཐོག་ནས་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྐུལ་འདེད་ཏན་ཏིག་བཏང་བ།ཤང་དང་གྲོང་རྡལ་སོ་སོའི་དངོས་ཡོད་གནས་ཚུལ་ལ་གཞིགས་པ་དང་།དམིགས་སའི་རང་བཞིན་ལྡན་པའི་སྒོས་《རྒྱལ་ཁབ་ཁ་བྲལ་གཏོང་བར་ངོ་རྒོལ་གཏོང་བའི་བཅའ་ཁྲིམས་》དང་།《བདེ་འཇགས་དོ་དམ་ཐད་ཀྱི་ཉེས་ཆད་གཅོད་པའི་བཅའ་ཁྲིམས།》སོགས་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་པར་མ་ཟད།གློག་བརྙན་ཟེར་སྡེར་གཏོང་བ་དང་ཡིག་ཆ་གཏོང་སྤྲོད།ཞུགས་མོལ་གྲོས་ཚོགས་འཚོགས་པ་སོགས་ཀྱི་བྱེད་ཐབས་ཐོག་ནས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་སྟབས།མང་ཚོགས་དང་གྲྭ་བཙུན་གྱིས་ཁྲིམས་ལུགས་སློབ་སྦྱོང་དང་།བརྩི་སྲུང་།བེད་སྤྱོད་གཏོང་བ་བཅས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་བ།རྫོང་དེའི་ཤང་དང་དགོན་སྡེ་རུ་བཅའ་སྡོད་བྱེད་མཁན་གྱི་ལས་སྒྲུབ་ཚོ་ཆུང་སོ་སོ་མང་ཚོགས་ཀྱི་ཁྲོད་ཏུ་ཟབ་འཇུག་བྱས་ནས་ཏང་གི་དམངས་ལ་བརྩེ་སེམས་བཅངས་བ་དང་།དམངས་ལ་གཅེས་པ།དམངས་ལ་ཕན་བདེ་སྐྲུན་པ་བཅས་ཀྱི་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་དང་།གནས་ལུགས་བཤད་པ་དང་།ལོ་རྒྱུས་གླེང་བ།ཁ་བརྡར་ལབ་པ།འཕེལ་རྒྱས་ཀྱི་གནས་ཚུལ་བཤད་པ་སོགས་ཀྱི་ལས་ཀ་སྤེལ་ནས་མང་ཚོགས་ཀྱི་བསམ་ཤེས་དང་།རྒྱབ་སྐྱོར།ཡིད་ཆེས་ཡོང་བར་བརྩོན་ལེན་བྱས་པ་དང་ཆབས་ཅིགལས་ཀའི་ཁྲོད་ཡུལ་བབ་དང་བསྟུན་པ་དང་།རིགས་དབྱེ་ནས་ཁྲིད་སྟོན་བྱེད་པ།ལས་ཀའི་གཙོ་ཕབ་དང་རྒྱུད་རིམ་ཁོང་དུ་ཆུད་པ་སོགས་བྱས་ནས།མང་ཚོགས་ཀྱི་ལས་ཀ་དང་དམངས་འཚོའི་ལས་ཀ་ཟུང་འབྲེལ་དམ་ཟབ་བྱས་པ་དང་།གནས་ཡུལ་གཏན་འཁེལ་བྱས་ནས་མཐུན་སྦྱོར་དང་རྨོ་འདེབས་གྲ་སྒྲིག་དང་ཐོན་སྐྱེད་ལས་ཀར་ཁྲིད་སྟོན་བྱས་པ།སྤྱི་ཕན་རང་བཞིན་གྱི་རྣམ་གྲངས་དང་དབུལ་སྐྱོར་གསར་སྦོལ་གྱི་རྣམ་གྲངས་བྱ་རྒྱུ་སྒྲིག་འཛུགས་དང་ལག་ལེན་བསྟར་ནས་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱིས་ཏང་ཨུ་དང་སྲིང་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པ་དང་།རང་འགུལ་གྱིས་ལས་ཀ་སྣ་ཚོགས་ཡག་པོ་སྤེལ་བར་རམ་འདེགས་བྱས།རྒྱལ་གཅེས་དང་ཁྲིམས་སྲུང་།གུས་ཞབས་ལྡན་པ་དང་ཁ་དན་ཚིག་གནས།རྒྱལ་གཅེས་ཆོས་གཅེས།མཐུན་སྒྲིལ་མཛའ་མཐུན།ཧུར་བརྩོན་གྲོན་ཆུང་དང་ཡར་ཐོན་ལྷུར་ལེན།ལས་གཅེས་དང་ལེགས་སྐྱེས་སུ་འབུལ་བ་བཅས་ཀྱི་རྩ་དོན་ལ་དམ་པོ་དམིགས་ནས།བྱེད་ཐབས་སྣ་མང་དང་ཐབས་ལམ་སྣ་མང་གི་ཐོག་ནས་མང་ཚོགས་ཁྲོད་དུ《སྤྱི་དམངས་ཀྱི་ཀུན་སྤྱོད་ལག་བསྟར་བྱེད་པའི་རྩ་ཁྲིམས》ཀྱིས་ལྟེ་བའི་ནང་དོན་བྱས་པའི་དྲིལ་བསྒྲགས་སློབ་གསོའི་ལས་ཀ་ཡོངས་ཁྱབ་ཏུ་སྤེལ་བ་དང་།རྒྱུན་ཆད་མེད་པར་ཞིང་འབྲོག་ས་ཁུལ་གྱི་མང་ཚོགས་ཀྱི་ཀུན་སྤྱོད་འདུ་ཤེས་ཇེ་དྲག་ཏུ་བཏང་ནས།ཏན་ཏིག་གིས་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་སྒོས་སྐུལ་འདེད་བཏང་བ།ལས་སྒྲུབ་ཚོ་ཆུང་སོ་སོ་རྒྱུན་དུ་མི་སེར་གྱི་ཁྲོད་དུ་ཕྱིན་ནས་ཞིང་པའི་སྐད་ཆ་བཤད་རྒྱུ་དང་།ཞིང་པའི་ལས་ཀ་ལས་པ།ཞིང་པའི་ཟས་ཟ་བ།ཞིང་པའི་ལས་དོན་སྒྲུབ་ཤེས་པ་བཅས་བྱས་པ་དང་།ལས་སྒྲུབ་མི་སྣ་ལ་གཏམ་གླེང་དང་སྤྱོད་ཚུལ་ཐད་བག་ཡོད་དང་ངང་རྒྱུད་འཇམ་པོའི་སྒོས་མང་ཚོགས་དང་གཅིག་ཏུ་འབྲེལ་དགོས་པའི་བླང་བྱ་བཏོན་པ།གཞི་རིམ་དང་།མང་ཚོགས།དོན་དངོས་བཅས་དང་ཉེ་བཅར་བྱེད་དགོས་པའི་བླང་བྱ་ལ་གཞིགས་ནས།ཞིང་འབྲོག་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་།སྤྱི་ཚོགས་བརྟན་བརླིང་ཡོང་བ།མང་ཚོགས་བདེ་སྡོད་ལས་སྐྲུན་བཅས་ལ་ཤུགས་རྐྱེན་བཟོ་བའི་མངོན་གསལ་ཆེ་བའི་གནད་དོན་དམ་འཛིན་བྱས་པ་དང་།སྲིད་ཇུས་དང་།ལས་འགན།འོས་འགན་བཅས་ཁྱེར་ནས་ཞིང་ཁ་དང་ཞིང་པའི་དུད་ཚང་དུ་ཕྱིན་ནས་དངོས་ཡོད་གནས་ཚུལ་ཞིབ་དཔྱད་དང་།མངོན་མེད་གནས་ཚུལ་བསམ་ཤེས་དང་གཅེས་སྐྱོང་།བསམ་ཚུལ་ཟོལ་མེད་ཉམས་ལེན་སོགས་ཀྱི་ཐོག་ནས་གནས་ཚུལ་རྟོགས་ཐུབ་པ་དང་ཐག་གཅོད་བྱེད་ཐུབ་པ་བྱས་པ།
  • ལེ་ཚན་སྔོན་མ།:ཀྲེ་ཅང་ཞིང་ཆེན་གྱིས་རང་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ།
  • ལེ་ཚན་རྗེས་མ།:སྡེ་རོང་རྫོང་གིས་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ ལས་ཀ་ཟབ་ཏུ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།