ཀྲེ་ཅང་ཞིང་ཆེན་གྱིས་རང་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ།

སྒྲོལ་མ་ཚེ་མཚོས་བསྒྱུར།        2012-02-16

ལི་ཁྲང་ཕིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚབ་བྱས་ནས་ཕྱིན་ཆད་རང་རེའི་ཞིང་ཆེན་གྱི་བོད་ཁུལ་གྱི་དབུལ་སྐྱོར་བྱ་རྒྱའི་ཐད་ལ་གྲོས་གཞི་བཏོན།
ཟླ་བ2པའི་ཚེས་10ཉིན།ཀྲེ་ཅང་དང་སི་ཁྲོན་ཤར་ནུབ་དབུལ་སྐྱོར་རོགས་ལས་ཀྱི་བཞུགས་མོལ་ཚོགས་འདུ་ཧང་ཀྲོའུ་རུ་འཚོགས།གྲོས་ཚོགས་ཐོགཀྲེ་ཅང་གིས་ཁ་གཏད་རོགས་སྐྱོར་བྱེད་སའི་རང་རེའི་ཞིང་ཆེན་གྱི་དཀར་མཛེས་དང་རྔ་བ་ལིའང་ཧྲན་བཅས་ཁུལ3གྱི་བོད་ཁུལ་གྱི་རྫོང་ཁག་32ཀྱི་དབུལ་སྐྱོར་རོགས་ལས་ལས་ཀར་གྲོས་མོལ་བྱས་པ་རེད།
ཀྲུང་དབྱང་གི་ཐེངས་ལྔ་པའི་བོད་ལྗོངས་ལས་ཀའི་བཞུགས་མོལ་གྱི་སྙིང་དོན་ལ་གཞིགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གསར་སྦོལ་འགོ་ཁྲིད་ཚོ་ཆུང་གི་གཞུང་ལས་ཁང་གིས་《ཀྲེ་ཅང་དང་སི་ཁྲོན་ཤར་ནུབ་དབུལ་སྐྱོར་རོགས་ལས་ཀྱི་ལས་ཀའི་སྐོར་གྱི་བརྡ་ཐོ་》བཀྲམས་ནས་ཀྲེ་ཅང་གིས་ཁ་གཏད་རོགས་སྐྱོར་བྱ་ཡུལ་ཀོང་ཡན་དང་ནན་ཁྲུང་གཉིས་དེ་རང་རེའི་ཞིང་ཆེན་གྱི་དཀར་མཛེས་དང་རྔ་བ།ལིའང་ཧྲན་བོད་ཁུལ་གྱི་རྫོང་32ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུར་ལེགས་སྒྲིག་བྱས་པ་རེད།ཞིང་ཆེན་ཏང་ཨུའི་རྒྱུན་ཨུ།ཞིང་ཆེན་ཏང་ཨུའི་ཞིང་བཟོ་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁྲང་ཕིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཀྲེ་ཅང་གིས་ལོ་16རིང་རང་རེའི་ཞིང་ཆེན་གྱི་ཀོང་ཡོན་དང་།ནན་ཁྲུང་དབུལ་སྐྱོར་རོགས་རམ་ཧུར་ཐག་བྱས་པར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་པ་མ་ཟད།ད་རུང་ཕྱིན་ཆད་ཀྱི་རང་རེའི་ཞིང་ཆེན་བོད་ཁུལ་གྱི་རྫོང་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུར་གྲོས་གཞི་བཏོན་པ་རེད།ཀྲེ་ཅང་ཞིང་ཆེན་ཏང་ཨུ་དང་།ཞིང་ཆེན་སྲིད་གཞུང་གིས་ཁ་གཏད་རོགས་སྐྱོར་ལས་ཀར་མཐོང་ཆེན་གནང་ནས་ཀྲེ་ཅང་ཞིང་ཆེན་ཏང་ཨུ་ཧྲུའུ་ཅི་དང་།ཞིང་དཔོན་རྣམ་གཉིས་ཀྱིས་ཁག་འབྱེད་ནས་མཆན་བཀོད་མཛུབ་སྟོན་གནང་ནས་ཀྲེ་ཅང་ཞིང་ཏང་ཨུའི་ཧྲུའུ་ཅི་ཀྲའོ་ཧུང་ཀྲུའུ་ཡིས་སི་ཁྲོན་ལས་སྒྲུབ་ཚོ་ཆུང་ལ་ཐུག་འཕྲད་གནང་བ་རེད།ཀྲེ་ཅང་ཞིང་ཆེན་གྱི་ཞིང་དཔོན་ཝང་ཅན་མན་གྱིས་ཏང་ཀྲུང་དབྱང་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་ལྟར།ཆབ་སྲིད་ཐོག་མཐོང་ཆེན་དང་།གྲ་སྒྲིག་ལས་ཀ་དང་དོན་འཁྱོལ་བྱ་རྒྱུ་མཐོང་ཆེན་བྱས་ནས་སྲིད་གཞུང་གིས་མ་དངུལ་ཐད་རོགས་སྐྱོར་དང་།སྤྱི་ཚོགས་རོགས་སྐྱོར།ཤེས་ལྡན་མི་སྣ་བརྗེ་རེས་སོགས་ཕྱོགས་གང་ཐད་ནས་དཀར་མཛེས་དང་རྔ་བ་ལིའང་ཧྲན་བཅས་བོད་ཁུལ་དབྱིས་ཁུལ་གྱི་རྫོང་ལ་གཙོ་གནད་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།ཚོགས་འདུའི་ཐོགཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཡེ་ཤེས་ཟླ་བས་རང་ཁུལ་གྱི་གནས་ཚུལ་དང་“བརྒྱད་བདུན་”གྱི་དབུལ་སྐྱོར་འགག་སྒྲོལ་དང་དུས་སྐབས་གསར་པའི་དབུལ་སྐྱོར་གསར་སྦོལ་བྱེད་ཚུལ་དང་མིག་སྔར་རང་ཁུལ་གྱི་དབུལ་ཕོངས་ཀྱི་ད་ཡོད་གནས་ཚུལ་ལ་གསལ་བཤད་གནང་བ་དང་།གཙོ་གནད་རོགས་སྐྱོར་གྱི་ཁྱབ་ཁོངས་དང་བྱེད་སྟངས་ལ་གྲོས་གཞི་བཏོན་པ་རེད།
  • ལེ་ཚན་སྔོན་མ།:བྲག་འགོ་རྫོང་སྤྱི་ཚོགས་ཁག་གིས་སྔོན་གཤེགས་དཔའ་བོ་ཕུའུ་ཏུང་ཧྲེང་ལ་སེམས་ཁོང་ནས་མྱ་ངན་ཞུས།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གིས་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་ཀ་ཏན་ཏིག་སྤེལ།
  • དོ་སྣང་ཆེ་བའི་རྩོམ།