སྡེ་རོང་རྫོང་གིས་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་ཀ་ཟབ་ཏུ་སྤེལ།
དབྱངས་ཅན་གྱིས་བསྒྱུར། 2012-02-16
ཉེ་བའི་ཉིན་འགའི་རིང་།སྡེ་རོང་རྫོང་འབྲེལ་ཡོད་སྡེ་ཁག་གི་ལས་སྒྲུབ་མི་སྣ་མང་ཚོགས་ཀྱི་ཁྲོད་ཏུ་ཟབ་འཇུག་བྱས་ནས་ཁོ་ཚོ་ལ་“ཟླ་བ་དང་པོའི་ཚེས23ཉིན་”དང་“ཟླ་བ་དང་པོའི་ཚེས24ཉིན་”ལ་བྲག་འགོ་དང་གསེར་ཐར་རྫོང་གཉིས་ལ་བུད་པའི་དོན་རྐྱེན་ངོ་མ་འགྲེལ་བཤད་བྱས་པ་དང་།ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དང་དཔྱིད་གསར་དུས་ཆེན་སྐབས་ཀྱི་འཚམས་འདྲིའི་བྱེད་སྒོ་སྤེལ་ནས།སྔོན་རྗེས་སུ་ལས་བྱེད་པ་དང་མང་ཚོགས་ལ་དྲིལ་བསྒྲགས་ཚོགས་ཆེན་ཐེངས31འཚོགས་པ་དང་།བྱེད་ཐབས་སྣ་མང་གི་ཐོག་ནས་བཞུགས་མོལ་གྲོས་་ཚོགས་ཐེངས82འཚོགས་པ།ལས་འཁྱུར་ངལ་གསོ་དང་ལས་བྲལ་ངལ་གསོ་བྱས་པའི་ལས་བྱེད་པ་དང་།“རྒན་གྲས་གསུམ་གྱི་ལས་བྱེད་པ”།དབུལ་ཕོངས་མང་ཚོགས་700ལྷག་ལ་ལྟ་སྐོར་དང་འཚམས་འདྲི་བྱས་པ་རེད།