ར་རྔ་ཁ་དང་དཀར་མཛེས།སེར་ཤུལ་བཅས་ཀྱི་གློག་དྲ་སྦྲེལ་བའི་ལས་གྲྭ་ཟླ་བ་རྗེས་མར་འཛུགས་སྐྲུན་བྱེད་འགོ་ཚུགས།

(སྒྲོལ་མ་ཚེ་མཚོས་བསྒྱུར།)        2012-02-13

༄༅།།ར་རྔ་ཁ་དང་དཀར་མཛེས།སེར་ཤུལ་བཅས་ཀྱི་གློག་དྲ་སྦྲེལ་བའི་ལས་གྲྭ་དེ་ད་ལོའི་སི་ཁྲོན་གློག་དྲ་“ཨང་དང་པོའི་ལས་གྲྭ་”རུ་གཏན་འབེབས་བྱས།
༄༅།།ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་རང་རེའི་བོད་ཁུལ་གྱི་གློག་དྲ་འཛུགས་སྐྲུན་ལ་མ་དངུལ་གཏོང་འཇོག་བྱེད་ཚད་སྒོར་དུང་ཕྱུར192.5ཐོག་སླེབས་པས།ཞིང་ཆེན་ཡོངས་ཀྱི་གློག་དྲ་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཚད་བསྡོམས་འབོར་བརྒྱ་ཆ་བཟུང་བ།
༄༅།།2015ལོར་གསར་འཕར་བྱུང་བའི་ཞིང་འབྲོག་པ་འདུས་སྡོད་ས་ཁུལ་གྱི་དུད་ཚང་ཀུན་གྱིས་གློག་སྤྱོད་རྒྱུ་མངོན་འགྱུར་ཡོང་རྒྱུ།
གསར་འགོད་པས་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱུང་བར།2012ལོར་སི་ཁྲོན་གློག་དྲ་“ཨང་རྟགས་དང་པོའི་ལས་གྲྭ་”དེ་ར་རྔ་ཁ་དང་དཀར་མཛེས།སེར་ཤུལ་བཅས་ཀྱི་གློག་དྲ་སྦྲེལ་བའི་ལས་གྲྭ་གཏན་འབེབས་བྱས་པ་རེད།ཉེ་ཆར་ཞིང་ཆེན་གློག་ཤུགས་ཀུང་སི་དང་དཀར་མཛེས་ཁུལ་སྲིད་གཞུང་གིས་ཁྲེང་ཏུའུ་རུ་འཚོགས་པའི་ར་རྔ་ཁ་དང་དཀར་མཛེས།སེར་ཤུལ་བཅས་གློག་དྲ་སྦྲེལ་བའི་ལས་གྲྭའི་མཐུན་སྦྱོར་གྲོས་ཚོགས་ཐེངས་གསུམ་པའི་ཐོགལས་གྲྭ་འཛུགས་སྐྲུན་གྱི་མགོ་མའི་གྲ་སྒྲིག་ལས་ཀ་བྱ་རྒྱུར་སྐུལ་འདེད་མགྱོ གས་པོ་བཏང་ནས་ཟླ་བ་གསུམ་པར་དངོས་སུ་ལས་འགོ་འཛུགས་རྒྱུར་ཁག་ཐེག་བྱས་པ་རེད།
ར་རྔ་ཁ་དང་དཀར་མཛེས།སེར་ཤུལ་བཅས་ཀྱི་གློག་དྲ་སྦྲེལ་རྒྱུ་དེ་དཀར་མཛེས་ཁུལ་གྱི་བྱང་རྒྱུད་དང་སི་ཁྲོན་གློག་དྲ་གཙོ་བོ་དང་དྲ་སྦྲེལ་བྱས་ནས་སེར་ཤུལ་དང་གསེར་ཐར་སོགས་རྫོང་གི་གློག་མེད་མཁན་ལ་གློག་སྤྱོད་རྒྱུ་ཡོད་པ་བྱ་རྒྱུ་རེད།
ཉེ་ཆར།སྟོང་ཝ35ལྡན་པའི་ཞི་པེ་ཁྲེང་ཡན་ལག་གློག་དྲ་ལེགས་འགྲུབ་ངང་སྤྱོད་འགོ་ཚུགས་པ་དང་།ཉག་ཆུ་རྫོང་གི་གློག་དྲ་ཁེར་མ་འཁོར་སྐྱོད་བྱེད་པའི་ལོ་རྒྱུས་མཇུག་བསྒྲིལ་ནས་ལེགས་འགྲུབ་ངང་རྒྱལ་ཁབ་གློག་དྲའི་ནང་སྦྲེལ་བ་རེད།ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས་སུ་སི་ཁྲོན་བོད་ཁུལ་གྱི་གློག་དྲ་དེ་རིམ་བསགས་ཀྱིས་བརྩིས་ན་མ་དངུལ་སྒོར་དུང་ཕྱུར73.2བཏང་ནས་རང་རེའི་ཞིང་ཆེན་གྱི་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་རང་རེའི་བོད་ཁུལ་གྱི་གློག་དྲ་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར192.5གཏོང་རྒྱུ་ཡིན་པས།ཞིང་ཆེན་ཡོངས་ཀྱི་གློག་དྲ་ལ་མ་དངུལ་གཏོང་ཚད་བསྡོམས་འབོར་བརྒྱ་ཆ20བཟུང་བ།རྣམ་གྲངས་འཛུགས་སྐྲུན་བྱས་རྗེས།རང་རེའི་ཞིང་ཆེན་བོད་ཁུལ་གྱི་གློག་དྲ་གཙོ་བོའི་སྒྲོམ་གཞི་ཆགས་ཚུལ་འཐུས་སྒོ་ཚང་དུ་ཆེས་ཆེར་གཏོང་ཐུབ་པ་དང་།རྒྱལ་ཁབ་ཀྱི་གློག་དྲ་མཁོ་སྤྲོད་ས་ཁུལ་དང་"རྫོང་ཀུན་དུ་གློག་དྲ་སྦྲེལ་"མངོན་འགྱུར་བྱུང་ནས2015ལོར་གསར་འཕར་བྱུང་བའི་ཞིང་འབྲོག་པ་འདུས་སྡོད་ས་ཁུལ་གྱི་"དུད་ཚང་ཀུན་གྱིས་གློག་སྤྱོད་"ཐུབ་རྒྱུ་རེད།
  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་དཔྱིད་རྨོས་གྲ་སྒྲིག་ལས་ཀ་སྤེལ་བ།
  • ལེ་ཚན་རྗེས་མ།:བྲག་འགོ་རྫོང་གི་སྤྱི་བདེ་མི་དམངས་ཉེན་རྟོག་པས་མི་གསོད་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱེད་དུས་མི1གིས་རང་སྲ
  • དོ་སྣང་ཆེ་བའི་རྩོམ།