བྲག་འགོ་རྫོང་གི་སྤྱི་བདེ་མི་དམངས་ཉེན་རྟོག་པས་མི་གསོད་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱེད་དུས་མི1གིས་རང་སྲོག་བློས་བཏང་ལ་མི2ལ་རྨས་སྐྱོན་ཐེབས།

        2012-02-13

ཟླ་བ2པའི་ཚེས9ཉིན་གྱི་སྔ་དྲོའི་ཆུ་ཚོད་དང་པོ་ཐོག།བྲག་འགོ་རྫོང་ཆེད་དོན་འཛིན་བཟུང་ཚོ་པ་ནོར་ཆུང་ཤང་གི་འབྲོག་ཁུལ་ཞིག་ཏུ་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱེད་པར་འགྲོ།སྔ་དྲོ་ཆུ་ཚོད་8པའི་ཐོག་དོགས་ཡོད་ཉེས་ཅན་གསུམ་ཡོད་སར་སླེབས།དོགས་ཡོད་ཉེས་ཅན་གྱིས་མེ་མདའ་བརྒྱབ་ནས་འཛིན་བཟུང་བྱེད་མ་བཅུག་པས་མི་དམངས་ཉེས་རྟོག་པ1རང་སྲོག་བློས་བཏང་ལ་མི2ལ་རྨས་སྐྱོན་ཐེབས།སྤྱི་བདེ་མི་དམངས་ཉེན་རྟོག་པས་ས་དེ་གར་དོགས་ཡོད་ཉེས་ཅན་མི2བསད་ལ་1འཛིན་བཟུང་བྱེད།ཡུལ་དངོས་ནས་མེ་མདའ་3དང་མདེའུ་40།འགད་རྫས་བཅས་རྩིས་ལེན་བྱས་པ་རེད།
 
  • ལེ་ཚན་སྔོན་མ།:ར་རྔ་ཁ་དང་དཀར་མཛེས།སེར་ཤུལ་བཅས་ཀྱི་གློག་དྲ་སྦྲེལ་བའི་ལས་གྲྭ་ཟླ་བ་རྗེས་མར་འཛུགས་སྐྲུན་བྱེད་འགོ་ཚུགས།
  • ལེ་ཚན་རྗེས་མ།:བྲག་འགོ་རྫོང་སྤྱི་ཚོགས་ཁག་གིས་སྔོན་གཤེགས་དཔའ་བོ་ཕུའུ་ཏུང་ཧྲེང་ལ་སེམས་ཁོང་ནས་མྱ་ངན་ཞུས།
  • དོ་སྣང་ཆེ་བའི་རྩོམ།