རང་ཁུལ་གྱིས་དཔྱིད་རྨོས་གྲ་སྒྲིག་ལས་ཀ་སྤེལ་བ།

(བདེ་ཆེན་དབང་མོས།)        2012-02-13

ཉེ་ཆར།ཁུལ་ཞིང་ལས་ཅུས་ནས་ཤེས་རྟོགས་བྱུང་བར།དཔྱིད་གསར་དུས་ཆེན་གཏོང་ཚར་རྗེས།ཁུལ་ཡོངས་ཀྱིས་དཔྱིད་རྨོས་ཐོན་སྐྱེད་ཀྱི་དངོས་པོ་མཁོ་སྤྲོད་བྱེད་པའི་ཆེད་ཁུལ་དང་རྫོང་ཞིང་ལས་ཅུས་ཀྱིས་སྔོན་ལ་དཔྱིད་རྨོས་གྲ་སྒྲིག་ལས་ཀ་སྤེལ་འགོ་ཚུགས།ཟླ་བ2པའི་ཚེས་ཛ8པར་སླེབས་དུས།ཁུལ་ཡོངས་ཀྱིས་རིགས་སྣ་ཚོགས་ཀྱི་ལོ་ཏོག་སོན་བཟང་ཏུན2182.6གཏོང་འདྲེན་བྱས་པ།དེའི་ནང་ཆུ་འབྲས་རྒྱུད་འདྲེས་སོན་བཟང་ཏུན4.6དང་།མ་རྨོས་ལོ་ཏོག་རྒྱུད་འདྲེས་སོན་བཟང་ཏུན295།ནས་སོན་བཟང་ཏུན600།གྲོ་སོན་བཟང་ཏུན50།ཞོག་ཁོག་སོན་བཟང་ཏུན1200།གཞན་དག་ལོ་ཏོག་སོན་བཟང་ཏུན33།ལུད་ཏུན2700།ཞིང་སྤྱོད་འགྱིག་ཤོག་སྲབ་པོ་ཏུན342.7།ཕིང་སྨན་ཏུན58.37།འཕྲུལ་སྒུལ་སྨན་ཆུ་གཏོང་ཆས200།ཞིང་ལས་འཕྲུལ་ཆས200།ཞིབ་བཤེར་བཟོ་བཅོས་ཀྱི་ཞིང་ལས་འཕྲུལ་ཆས་དང་ཡོ་བྱད1440།འཕྲུལ་རྨོ་མུའུ་ཁྲི1.8སྒྲུབ་ཚར་བས།ལག་རྩལ་དཔེ་ཆ500ལྷག་སྤྲད་པ་རེད།ཞིང་པའི་ལག་རྩལ་དངོས་སུ་བེད་སྤྱོད་བྱེད་མཁན་མི་གྲངས3400ལ་གསོ་སྦྱོང་བྱེད་པ་རེད།
  • ལེ་ཚན་སྔོན་མ།:འབྲོག་པའི་གཞིས་ཆགས་ཀྱིས་བསྐྲུན་པའི་བདེ་སྐྱིད་བགྲོད་ལམ།
  • ལེ་ཚན་རྗེས་མ།:ར་རྔ་ཁ་དང་དཀར་མཛེས།སེར་ཤུལ་བཅས་ཀྱི་གློག་དྲ་སྦྲེལ་བའི་ལས་གྲྭ་ཟླ་བ་རྗེས་མར་འཛུགས་སྐྲུན་བྱེད་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།