ཁམས་པའི་བརྙན་འཕྲིན་ཁང་གིས་འབའ་བའི་རང་སྒྲ་ཞེས་པའི་ལོ་གསར་དགོང་ཚོགས་སྤེལ།

དཀོན་རྡོས།        2012-01-30

ཟླ་བ་དང་པོའི་ཚེས23ཉིན་སྟེ།དཔྱིད་ལོ་གསར་ཚེས་ཀྱི་ཚེས1ཉིན་ཁམས་པའི་བརྙན་འཕྲིན་ཁང་གིས་རྒྱལ་ཡོངས་ཀྱི་གཟིགས་པ་པོར་འབའ་བའི་རང་སྒྲ་ཞེས་པའི་ལོ་གསར་དགོང་ཚོགས་ཀྱི་དངོས་ཕབས་བརྙན་འཕྲིན་རྒྱུད་གཏོང་བྱས་པ་རེད།དེ་ནི་ཁམས་པའི་བརྙན་འཕྲིན་ཁང་གིས་རྫོང་རིམ་པས་སྤེལ་བའི་ལོ་སར་གྱི་དགོང་ཚོགས་ཐེངས་དང་པོ་ཡིན་པ་རེད།
འབའ་བའི་རང་སྒྲ་ཞེས་པའི་དགོང་ཚོགས་ནི་དཀར་མཛེས་ཁུལ་གྱི་འབའ་ཐང་རྫོང་གི་རིག་རྩལ་འཁྲབ་སྟོན་གྱི་ནང་དོན་གཙོ་བོ་བྱས་ཤིང་།བོད་ཁུལ་གྱི་གླུ་པ་སྐད་གྲགས་ཅན་བདེ་སྐྱིད་མེ་ཏོག་དང་།ཚེ་མགོན།ཀུན་དགའ་སོགས་ཕུལ་བྱུང་གླུ་པ་ཁག་ཅིག་ཀྱང་གདན་འདྲེན་ཞུས་ཡོད།ཐེངས་འདིའི་དགོང་ཚོགས་སྤེལ་བ་དེས་འབའ་ཐང་རྫོང་གི་སྙན་གྲགས་ཇེ་ཆེར་དང་།འབའ་ཐང་གི་གླུ་བྲོ་དང་ཐུན་མིན་གྱི་རིག་གནས་ཕྱི་རུ་དྲིལ་བསྒྲགས་བྱས་ནས་ལྟད་མོ་བའི་ཡིད་དབང་འཕྲོག་ཡོད།

  ཁམས་པའི་བརྙན་འཕྲིན་ཁང་གིས་འབའ་བའི་རང་སྒྲ་ཞེས་པའི་ལོ་གསར་དགོང་ཚོགས་སྤེལ།ཁམས་པའི་བརྙན་འཕྲིན་ཁང་གིས་འབའ་བའི་རང་སྒྲ་ཞེས་པའི་ལོ་གསར་དགོང་ཚོགས་སྤེལ།

 

  • ལེ་ཚན་སྔོན་མ།:ལིའུ་ཏའོ་ཕིང་གིས་ཏང་ཨུ་དང་སྲིད་གཞུང་ནི་ཁྱོད་རང་ཚོའི་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡིན་ཞེས་གསུངས།
  • ལེ་ཚན་རྗེས་མ།:རོང་བྲག་རྫོང་གིས་སྤྲོ་སེམས་འཁོལ་བའི་ངང་ནས་དཔྱིད་གསར་དུས་ཆེན་རོལ།
  • དོ་སྣང་ཆེ་བའི་རྩོམ།