བྲག་འགོ་རྫོང་ལ་རྡུང་གཅོག་འཕྲོག་གསུམ་གྱི་དྲག་ཤུགས་དོན་རྐྱེན་ཚབས་ཆེན་ཞིག་བུད་པ།
ཆོས་འཛིན་གྱིས་བསྒྱུར། 2012-01-30
ཟླ་བ་དང་པོའི་ཚེས23ཉིན།དཔྱིད་གསར་དུས་ཆེན་གྱི་ཚེས་གཅིག་ཉིན་བྲག་འགོ་རྫོང་ལ་ཉེན་ཅན་ཉུང་ཤས་ཤིག་ལ་ཕྱི་ཕྱོགས་ཀྱི་ཁ་བྲལ་སྟོབས་ཤུགས་ཀྱིས་མགོ་སྐོར་བསླུ་བྲིད་དང་བཀོད་པ་བཏང་ནས་སྒྲིག་འཛུགས་དང་ངན་ཇུས་སྔོན་འགོད།དམིགས་ཡུལ་ཡོད་པ།མང་ཚོགས་ལ་ངན་སྐུལ་དང་མགོ་སྐོར་གཏོང་བ།སྨྱོ་ཧམ་ཆེན་པོས་རྒྱལ་ཁབ་ཀྱི་ལས་ཁུངས་ལ་ཕོག་ཐུག་གཏོང་བ།མང་ཚོགས་ཀྱིས་དགའ་སྤྲོ་ཆེན་པོས་དཔྱིད་གསར་དུས་ཆེན་རོལ་བར་གང་བྱུང་དུ་བཀག་འགོག་བྱེད་པའི་རྡུང་གཅོག་འཕྲོག་གསུམ་གྱི་དྲག་ཤུགས་དོན་རྐྱེན་ཚབས་ཆེན་ཞིག་བུད་པ་རེད།ཟླ་བ་དང་པོའི་ཚེས23ཉིན་གྱི་ཆུ་ཚོད11དང་སྐར་མ58ལ་བྲག་འགོ་རྫོང་གྲོང་ཁུལ་གྱི་ལམ་གསུམ་མདོར་སྔོན་རྗེས་སུ་གྲྭ་བཙུན་དང་མང་ཚོགས་འཛོམ་ཡོང་བ་དང་ཆུ་ཚོད་13པར་མི་འགའ་ཞིག་གིས་རང་སྲེག་བྱ་རྒྱུ་རེད་ཅེས་གཏམ་བསྒྲགས་པ།ཆུ་ཚོད13པའི་སྐར་མ10ཙམ་ལ།འཛོམས་པའི་མི་ཚོགས་ཤིས་མདོ་གྲོང་རྡལ་གྱི་མངག་གཏོང་ཁང་ཕྱོགས་ནས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཕྱོགས་སུ་སྐྱོད་ཞོར་རླུང་རྟ་འཐོར་བ་དང་ཁ་འབོད་གཏོང་བ།ཆུ་ཚོད13པའི་སྐར་མ27ལ།འཛོམས་པའི་མི་ཚོགས་ཀྱིས་སྐོར་བ་བརྒྱབ་ནས་མི་འགའ་ཞིག་གིས་རང་སྲེག་བྱེད་ཁུལ་བཟོ།དེའི་མཐའ་སྐོར་དུ་སྔོན་རྗེས་སུ་རླངས་འཁོར་ཆུང་གྲས་བཅུ་ལྷག་ཙམ་གཏོང་མཚམས་བཞག་ཅིང་རིམ་བཞིན་ལྟ་མཁན་མང་པོའང་དེ་གར་རུབ།འཛོམས་མཁན་འགའ་ཞིག་གིས་ཉེ་སའི་རླངས་འཁོར་ཆུང་ཆུང་ཐོག་ནས་རྡོ་དང་དབྱུག་པ།གྲི་སོགས་མ་བླངས་རྗེས།རླུང་རྟ་འཐོར་ཞོར་ཁ་འབོད་གཏོང་བ།རྫོང་བཀོད་འདོམས་ལྟེ་གནས་ཀྱིས་དེ་དུས་ཉེན་རྟོག་མི་ལག་ཤིས་མདོ་མངག་གཏོང་ཁང་གི་སྒོ་ཁར་གཅིག་སྡུད་བྱས་ཏེ་གནས་ཚུལ་ལ་བལྟས་ནས་ཉེན་རྟོག་པ་སྐྱོད་རྒྱུའི་གྲ་སྒྲིག་ནན་པོ་བྱས།ཆུ་ཚོད13པའི་སྐར་མ54ལ།འཛོམས་པའི་མི་ཚོགས་ལམ་གསུམ་མདོར་རྔམ་སྟོན་དང་འཇམ་སྡོད་ཁ་འབོད་གཏོང་བ་བཅས་བྱས།དེ་རྗེས་འཛོམས་པའི་མི་ཚོགས་ཁག་གཉིས་བགོས་ནས་ཁག་གཅིག་ལམ་གསུམ་མདོ་ནས་ཤིས་མདོ་གྲོང་རྡལ་གྱི་མངག་གཏོང་ཁང་ཕྱོགས་སུ་སྐྱོད།ཁག་གཅིག་ལམ་གསུམ་མདོ་ནས་མར་སྐོར་སྟེ་སྔོན་སྤྱི་བདེ་ལས་ཁུངས་ཀྱི་གཞུང་ལས་ཁང་བརྒྱུད་དེ་ཟམ་པ་འོག་མའི་ཤར་འགྲམ་དང་ནུབ་འགྲམ་ཁྲོམ་ལམ་བརྒྱུད་དེ་ཟམ་པ་བར་མ་ཕྱོགས་སུ་སྨྱོ་སྐྱོད་བྱེད།ཟམ་པ་བར་མ་ལ་བཀག་མཁན་ཡོད་པས།ཕྱིར་ཁ་བསྐོར་ཏེ་ཤིས་མདོ་གྲོང་རྡལ་གྱི་མངག་གཏོང་ཁང་ཕྱོགས་སུ་སྐྱོད།ལམ་དུ་འགྲོ་ཞོར་ཁ་འབོད་གཏོང་ཞིང་རྫོང་གི་ཡིད་རྟོན་མཉམ་ལས་ཁང་དང་ནགས་ལས་ཅུས།གཞུང་ལམ་ཡན་ལས་ཅུས་སྦྲག་སྲིད་ཅུས་སོགས་ལས་ཁུངས་ཀྱི་ཁང་པར་རྡུང་གཅོག་བྱས།ཆུ་ཚད14པར།ལམ་ཁག་གཉིས་ཀྱི་མི་ཚོགས་མངག་གཏོང་ཁང་གི་སྒོ་ཁར་འཛོམས་རྗེས།དབྱུག་པ་དང་གྲི་རྡོ་སོགས་ཁུར་ནས་མངག་གཏོང་ཁང་གི་རྒྱལ་སྒོ་ལ་གཏོར་བཤིག་གཏོང་བ་དང་ཉེན་རྟོག་ལས་བྱེད་ལ་དབྱུག་པ་དང་གྲི རྡོ་སོགས་རྒྱགདེ་རྗེས་ལམ་འགྲམ་གྱི་མེ་གསོད་རླངས་འཁོར་དང་ཉེན་རྟོག་རླངས་འཁོར་རྡུང་།ད་དུང་རླངས་སྣུམ་དམ་བེ་དབྱུགས་ནས་ཉེན་རྟོག་འཁོར་སྲེག་རྩིས་བྱེད།ཉེན་རྟོག་ལས་བྱེད་ཀྱིས་ལམ་སམ་མེ་གསོད་ཆུ་མདའ་དང་མཆི་འབྱིན་འབར་མདེལ།འབར་འགུལ་མདེལ་སོགས་རྨས་སྐྱོན་མི་བཟོ་བའི་ལག་ཆས་སྤྱད་དེ་བཀག་འགོག་བྱེད།ཆག་སྒོ་སློང་མཁན་གྱིས་གློ་བུར་དུ་སྐྲག་མི་དགོས།སྤྱི་བདེ་མི་སྣས་ང་ཚོར་མེ་མདའ་རྒྱག་ཕོད་ཀྱི་མ་རེད།ང་ཚོས་ཁོ་ཚོའི་ལག་ནང་གི་མེ་མདའ་འཕྲོག་དགོས་ཞེས་སྐད་གཏོང་ཞིང་མི་ཚོགས་ཁྲིད་དེ་མངག་གཏོང་ཁང་གི་རྒྱལ་སྒོ་ལ་གདོང་སྐྱོད་བྱེད།ཁོ་ཚོས་དབྱུག་པ་དང་རྡོ་ཡིས་མངག་གཏོང་ཁང་གི་སྐར་ཁུང་དང་སྒོ་ཁའི་ཉེན་རྟོག་ལས་བྱེད་དང་དྲག་ཆས་ཉེན་རྟོག་ལ་རྡུང་གཅོག་བྱེད།ད་དུང་མེ་མདའ་ཁུར་མཁན་ཉེན་རྟོག་པ་དང་འཐམས་རེས་བྱས་ཏེ་མེ་མདའ་འཕྲོག་བསམ་པ་རེད།དེའི་རྐྱེན་གྱིས་ཉེན་རྟོག་ལས་བྱེད་ལྔ་དང་དྲག་ཆས་ཉེན་རྟོག་པ་གསུམ།མེ་གསོད་རུ་མི་གཉིས་བཅས་ལ་རྨས་སྐྱོན་ཐེབས།སྤྱི་བདེ་ཉེན་རྟོག་ལས་བྱེད་ཚོས་རྨས་སྐྱོན་མི་བཟོ་བའི་ལག་ཆས་སྤྱད་ཚར་རྗེས།མཁའ་ལ་མེ་མདའ་བརྒྱབ་ནས་ཉེན་བརྡ་བཏང་རུང་མི་ཕན་པས།གནས་ཚུལ་ཇེ་སྡུག་ཏུ་མི་འགྲོ་བ་ཚོད་འཛིན་དང་མི་དམངས་མང་ཚོགས་ཀྱི་འཚེ་སྲོག་དང་རྒྱུ་ནོར་ལ་སྲུང་སྐྱོང་ནུས་ལྡན་བྱེད་ཆེད།སྤྱི་བདེ་ཉེན་རྟོག་ལས་བྱེད་ཀྱིས་འཕྲལ་ཐག་གཅོད་པའི་བྱེད་ཐབས་སྤྱད་པས།ཟིང་ཆ་སློང་མཁན་ཚོ་རིམ་བཞིན་འཐོར་སོང་བ་རེད།ཟིང་ཆ་སློང་མཁན་འགའ་ཞིག་ཤིས་མདོ་གྲོང་རྡལ་གྱི་གྲོང་མི་ཞིག་གི་ཁྱིམ་དུ་ཕྱིན་ནས་རྡུང་གཅོག་བྱེད་ཞོར་འཕྲོག་བཅོམ་བྱས།ཟིང་ཆ་སློང་མཁན་མང་ཤོས་བྲག་འགོ་དགོན་ཕྱོགས་སུ་སྐྱོད།ལམ་རྒྱུད་དུ་སྤྱི་བདེ་ལས་ཁུངས་ཀྱི་གཞུང་ལས་ཁང་དང་མི་སེར་གྱི་ཁང་པར་རྡུང་གཅོག་བྱས་རྗེས་བྲག་འགོ་དགོན་དུ་སྐྱོད་སོང་།བྲག་འགོ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་དཀའ་སྤྱད་ལས་སྒྲུབ་དང་འཕྲལ་དུ་ཐག་གཅོད་བྱས་ཏེ་ཉིན་དེའི་ཆུ་ཚོད19ལ་ཟིང་ཆ་སློང་མཁན་ཚོ་རིམ་བཞིན་འཐོར་སོང་།དོན་རྐྱེན་བུད་རྗེས།ཞིང་ཆེན་དང་ཁུལ་གྱི་ལས་སྒྲུབ་ཚོ་ཆུང་མྱུར་དུ་གནས་ཚུལ་བུད་སར་བསྐྱོད་དེ་ཁྲིད་སྟོན་བྱས་པས།མིག་སྔར་རྫོང་གྲོང་ཁུལ་གྱི་རྒྱུན་ལྡན་སྒྲིག་ལམ་བསྐྱར་གསོ་བྱུང་བ།