ཕྱག་ཕྲེང་རྫོང་གི་འབྲོག་པ་དུད་ཚང1253འབྲོག་སྡེ་གསར་པར་སྤོས།
སྒྲོལ་མ་ཚེ་མཚོས་བསྒྱུར། 2011-12-06
མིག་སྔར་བར་སླེབས་དུས།ཕྱག་ཕྲེང་རྫོང་གིས་སྒོ་ཀུན་ནས་འབྲོག་པའི་གཞིས་ཆགས་སྡོད་ཁང་འཛུགས་སྐྲུན་གྱི་ལས་འགན་གྲུབ་སྟེ།རྫོང་དེའི་གཞིས་ཆགས་ས27ལ་དུད་ཚང1273གྱི་གཞིས་ཆགས་སྡོད་ཁང་འཛུགས་སྐྲུན་གྱི་ལས་འགན་གྲུབ་ནས་ལོ་བཞིའི་ལས་འགན་དེ་ལོ་གསུམ་ནང་འགྲུབ་པའི་དམིགས་ཡུལ་མངོན་འགྱུར་བྱུང་བ་རེད།འབྲོག་པ་དུད་ཚང1253འབྲོག་སྡེའི་སྡོད་ཁང་གསར་པར་སྤོས་པ་དང་།སྤོས་ཚད་བརྒྱ་ཆ98.43ཐོག་སླེབས་པ།གློག་སྐུད་སྐུད་ལམ་རིང་ཚད10དང་0.4དང་སྐུད་ལམ་རིང་ཚད་བསྡོམས་རྩིས18སྒྲིག་སྦྱོར་བྱས་པ།གློག་སྒྱུར་ས་ཚིགས་ཀྱི་གློག་གནོན་འཕྲུལ་ཆས9བསྐྲུན་པ།ཆུ་མཁོ་སྤྲོད་བྱེད་ཡས་ཀྱི་ལྕགས་མདོང་སྤྱི་ལེ50སྒྲིག་སྦྱོར་བྱས་པ།ལག་འཕྲིན་གྱི་འཕྲིན་སྐྱེལ་ས་ཚུགས16བསྐྲུན་པ།འཕྲིན་སྐྱེལ་འོད་འཁྲིད་ཚིལ་སྐུད་རིང་ཚད་143བྲེད་ཡོད་པ་རེད།