རང་ཁུལ་གྱི་འགྲེམ་སྟོན་ཁང་དུ་མི་མང་འཛོམས།

དབྱངས་ཅན་གྱིས་བསྒྱུར།        2011-10-25

    “མགྱོགས་པ།མགྱོགས་པ་འདི་གའི་འཁྲབ་སྟོན་ལེ་ཚན་ངོ་མ་ཡག་པོ་འདུག”ཅེས་གྱོན་ཆས་མཛེས་པོ་གྱོན་ཡོད་པའི་བུད་མེད་ལིའུ་ཡིས་རང་གི་གྲོགས་པོར་བརྡ་བཏང་། མོས་གསར་འགོད་པ་ལ་ཁ་སང་ཕྱི་དྲོར་འགྲེམ་སྟོན་ཁང་ཡོད་ཚད་ལ་སྐོར་བ་ཐེངས་ཤིག་བརྒྱབ་པ་ཡིན་པས།མཐར་དཀར་མཛེས་མགྲོན་ཁང་དུ་སླེབས་སྐབས་ཐེངས་རྗེས་མའི་ལེ་ཚན་བལྟས་རྗེས་འཁྲབ་སྟོན་དེ་མཇུག་སྒྲིལ་སོང་བས་ལྟད་མོས་ཡིད་མ་ཚིམ་པ་རེད།དེར་བརྟེན་དེ་རིང་སྔ་མོ་ནས་དཀར་མཛེས་མགྲོན་ཁང་གི་གར་སྟེགས་མདུན་དུ་སྒུག་པ་ཡིན་ཞེས་བཤད།
     ཟུར་དུ་ལག་ལ་འགྲེམ་སྟོན་ཁང་གི་དྲིལ་བསྒྲགས་དཔྱད་ཡིག་འཛིན་པའི་སྐུ་ཞབས་ཀྲུའུ་ལགས་ཀྱིས་གསར་འགོད་པ་ལ།ཁོ་རང་འགྲེམ་སྟོན་ཁང་ཡོད་ཚད་ལ་སྐོར་ར་ཐེངས་ཞིག་བརྒྱབ་པ་ཡིན།དེའི་ནང་དཀར་མཛེས་ཀྱི་འགྲེམ་སྟོན་ཁང་དུ་ཧ་ཅང་མཛེས་པའི་མི་རིགས་ཀྱི་རིག་གནས་ཁྱད་ཆོས་རབ་ཏུ་ལྡན་པའི་འཁྲབ་སྟོན་ལེ་ཚེན་ཡོད་པའི་ཕྱིར་སྡོད་ཡུན་ཆེས་རིང་བ་ཡིན།འཁྲབ་སྟོན་ལེ་ཚན་ནང་དཀར་མཛེས་ཁུལ་གྱི་ཡུལ་དེ་གའི་ལྗོངས་རྒྱུའི་ཐོན་ཁུངས་ཀྱི་རྣམ་པ་ངོ་སྤྲོད་བྱེད་པ་དང་།ཁམས་པའི་ཇི་མ་ཇི་བཞིན་གྱི་དམངས་ཁྲོད་ཀྱི་མི་རིགས་གོམས་སྲོལ་གྱི་རིག་གནས་ངོ་སྤྲོད་བྱེད་བཞིན་པས།གཟིགས་མོ་བ་ཚོ་དངོས་གནས་དཀར་ཞིང་མཛེས་པའི་དཀར་མཛེས་ས་ཁུལ་དུ་སླེབས་ནས་འབྲོག་པའི་བདེ་སྐྱིད་ལྡན་པའི་མཐོ་སྒང་གི་འཚོ་བ་རོལ་བཞིན་པ་དང་མཚུངས།
     གསར་འགོད་པ་འགྲེམ་སྟོན་ཁང་དུ་སླེབས་རྗེས།“དངོས་པོ་མིན་པའི་རིག་གནས་ཤུལ་བཞག”གི་རྣམ་གྲངས་ཀྱི་འགྲེམ་སྟོན་ས་ཁུལ་དུ་ཡུལ་དེ་རང་དུ་བཟོས་པའི་ལག་རྩལ་རྩེ་གྲའི་ཐོན་རྫས་རེ་རེ་བཞིན་གཟིགས་མོ་བའི་མིག་ལམ་དུ་སྟོན་སྐབས་དགའ་བས་བཞག་མི་འདོན་པ་དང་བསྟོན་སྔགས་ཡང་ཡང་བྱེད་བཞིན་པ་རེད།སྦྲ་གུར་གྱི་འཚོ་བ་གསར་པའི་འགྲེམ་སྟོན་ཁང་ནང་ཞིང་ཆེན་ཕྱི་ཕྱོགས་ནས་ཡོང་བའི་གྲོགས་པོ་ཀྲུའུ་ཐའོ་ཡིས་དགའ་དགའ་སྤྲོ་སྤྲོའི་ངང་སྦྲ་གུར་ནང་བཀོད་པ་ལེགས་པའི་སྒྲིག་ཆས་སྣ་ཚོགས་བེད་སྤྱོད་གཏོང་བ་རེད།རྟའུ་ཡི་འགྲེམ་སྟོན་ས་ཁུལ་དུ་སྐུ་ཞབས་ལིའུ་ལགས་ཁྱིམ་མི་ཚོ་དང་མཉམ་དུ་སྒྲིག་ཆས་མཛེས་པོ་བཟོས་པའི་ཡུལ་མིའི་མགྲོན་ཁང་ནང་བསྡད་ནས་སྲུབ་ཇ་སོགས་ཁྱད་ཆོས་ལྡན་པའི་ཟས་རིགས་ཀྱི་རོལ་མྱོང་ནས་བོད་པའི་འཚོ་བ་ཐེངས་ཞིག་རོལ་བ་རེད།
     གསར་འགོད་པ་ཡང་བསྐྱར་གར་སྟེགས་ཐོག་སླེབས་སྐབས།“ཁམས་པར་ཡོང་བར་དགའ་བསུ་ཞུ།ཁམས་པར་ཡོང་བར་དགའ་བསུ་ཞུ”ཞེས་པའི་གླུ་དབྱངས་མཛེས་སྙན་མོ་དེས་གཟིགས་མོ་བ་ཚོའི་ཡིད་དབང་འགུགས་བཞིན་པ་མཐོང་།
  • ལེ་ཚན་སྔོན་མ།:དར་མདོ་རྫོང་དམངས་སྲིད་ཅུས་ཀྱིས་དམངས་འཚོ་ལས་གྲྭ་དེ་ཉམས་ཞན་རིགས་གྲས་ལ་རོགས་སྐྱོར་བྱེད་ཡས་སུ་བཞག་ནས་འཛི
  • ལེ་ཚན་རྗེས་མ།: ཉག་ཆུ་རྫོང་གིས་རང་མོས་ཀྱིས་སྔོན་ཐོན་རིག་གནས་ཁྱབ་སྤེལ་གཏོང་བའི་མཆོག་གྱུར་གྱི་ལས་འགན་ཁུར།
  • དོ་སྣང་ཆེ་བའི་རྩོམ།