མུ་ལ་སྨད་པ་ཤང་གི་མི་སེར་ཚོར་བུ་རྒྱུད་སློབ་གྲྭར་སྐྱེལ་བའི་སྤྲོ་སེམས་ཆེ།

ཡེ་ཤེས་མགོན་པོ།        2011-09-22

ཟླ་བ9པའི་ཟླ་དཀྱིལ་གྱི་ཉིན་ཞིག་ལ་མུ་ལ་སྨད་པ་ཤང་རྩེ་སྒང་གྲོང་ཚོའི་ཞིང་པ་ཕུར་བུ་ཚེ་རིང་རྒྱ་ནག་ཀྲི་གོང་གྲོང་ཁྱེར་ནས་ཕྱི་ལོག་པ་རེད།ཁོས་ཀྲི་གོང་ལས་རིགས་སློབ་གྲྭའི་ནང་བུ་མོ་སྐྱེལ་དུ་འགྲོ་བའི་ལམ་བར་གྱི་དོན་དག་རྣམས་དྲན་གསོ་བྱས་རྗེས་སྨྱུག་འཛིན་པར་བཤད་རྒྱུར།ང་ཚོ་མི་ཚེ་འདིའི་འགྱོད་སེམས་དེ་མི་རབས་རྗེས་མའི་མདུན་ལམ་ཐོག་ཁ་གསབ་བྱེད་རྒྱུའི་ཆོད་སེམས་ཡོད།
     ད་ལོར་ལོ་ན་47ལ་སོན་པའི་ཕུར་བུ་ཚེ་རིང་གིས་ལོ་བཅུ་ཕྲག་ཁ་ཤས་རིང་ལ་མཚན་ཕྱི་ཉལ་དང་ཞོགས་སྔ་ལངས་བྱས་ནས་སོ་ནམ་ལས་ལ་བྲེལ་ཏེ་མི་ཚེ་འཁྱོལ་ཐབས་བྱས།དེང་སང་ཁོ་རང་གི་བུ་མོ་ཕ་ཡུལ་དང་བྲལ་ནས་ཕྱི་ཕྱོགས་ལ་རིག་གནས་སྦྱོང་དུ་ཕྱིན་པའི་གོ་སྐབས་རྙེད་པས་མ་ཚད།སློབ་ཡོན་སྤྲད་མི་དགོས་ལ་འཚོ་བའི་འགྲོ་གྲོན་དང་ལམ་བར་གྱི་འགྲིམ་འགྲུལ་འགྲོ་སོང་ཡང་རྒྱལ་ཁབ་ཀྱིས་སྤྲད་རོགས་བྱས་པ་རེད།སྨྱུག་འཛིན་པས་བཅར་འདྲི་བྱེད་ཞོར་དུ་ཤེས་རྟོགས་བྱུང་བར་གཞིགས་ན།ཉེ་བའི་ལོ་ཤས་རིང་ལ་ཕུར་བུ་ཚེ་རིང་གི་བུ་མོ་ནང་བཞིན་མུ་ལ་སྨད་པ་དང་བྲལ་ནས་ཕྱི་ཕྱོགས་སུ་རིག་གནས་སྦྱོང་དུ་འགྲོ་བའི་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད་པར་བརྟེན།མི་ཚེ་མི་རབས་ལ་ས་ཞིང་གིས་རྟེན་བྱེད།ཨ་སྔོན་དབྱིངས་ཀྱིས་གོས་བྱས་ནས་ས་གནས་དེ་གར་འཚོ་གནས་བྱེད་བཞིན་པའི་མི་སེར་ཚོའི་སེམས་སུ་བུ་རྒྱུད་སློབ་གྲྭར་སྐྱེལ་བའི་འདུ་ཤེས་རིམ་བཞིན་དུ་ཆགས་ཀྱིན་ཡོད་པ་རེད།
     ཁ་བརྡ་ལབ་ཞོར་དུ་ཕུར་བུ་ཚེ་རིང་གིས་བཤད་རྒྱུར།ང་ཚོ་ལ་ཤེས་རིག་ཡོན་ཏན་་མེད་པས་ཕྱི་ཕྱོགས་སུ་འགྲོ་དཀའ་མོ་རེད།ང་ཚོའི་མི་རབས་འདིས་རིག་གནས་སྦྱོང་རྒྱུ་ལོན་མེད་པ་དེ་ནི་ང་ཚོའི་སེམས་སུ་རིག་གནས་སྦྱོང་ན་དགོས་པ་འདུག་བསམ་པའི་འདུ་ཤེས་བཅངས་པར་རག་ལས་པ་རེད།དུས་དེང་སང་བསམ་བློ་ཞིབ་མོ་གཏོང་སྐབས་འགྱོད་སེམས་མ་གཏོགས་གཞན་ཅི་མི་འདུགདེང་སང་ཏང་གི་སྲིད་ཇུས་བཟང་པོའི་ཉི་འོད་ཁྲོད་དུ་ང་ཚོའི་བུ་རྒྱུ་ཚོར་སློབ་ཡོན་སྐར་གང་མི་དགོས་པར་རིག་གནས་སྦྱངས་ནས་འཚར་ལོངས་བྱུང་བའི་གོ་སྐབས་ཡག་པོ་ཡོད་ཅིང་།ང་ལ་གོ་སྐབས་དེ་དམ་འཛིན་བྱས་ནས་བུ་རྒྱུད་ཚོར་ཤེས་རིག་ཡོན་ཏན་གྱི་འཇོན་ནུས་སྦྱོང་བཅུག་རྒྱུའི་ཆོད་སེམས་ཡོད།
     ད་ལོར་ལོ་ན15ལ་སོན་པའི་ཕུར་བུ་ཚེ་རིང་གི་བུ་མོ་ཆུང་བ་བསོད་ནམས་ལྷ་སྒྲོན་ནི་སི་ཁྲོན་ཞིང་ཀྲི་གོང་གྲོང་ཁྱེར་གྱི་འོས་འགན་སློབ་གསོ་ལོ9ཡི་ཐོག་ལས་རིགས་སློབ་གསོ་ལོ3བསྣན་པའི་སློབ་ཡོན་མི་དགོས་པར་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་།བུ་མོ་ཆེ་བས་དཀར་མཛེས་ཁུལ་ཁམས་བྱང་མཐོ་རིམ་སློབ་འབྲིང་དུ་སློབ་བྱེད་བཞིན་པ་ཡོད་པ་རེད།མུ་ལ་སྨད་པ་ཤང་ཏང་ཨུ་ཧྲུའུ་ཅི་ཕུན་ཚོགས་བཀྲ་ཤིས་བཤད་རྒྱུར།ཉེ་བའི་ལོ་ཤས་རིང་མུ་ལ་སྨད་པའི་མི་སེར་ཚོས་སློབ་གསོའི་བདུད་རྩི་ཉམས་སུ་མྱོང་རྒྱུ་ལོན་པར་བརྟེན།་མི་སེར་ཚང་མས་ཕུར་བུ་ཚེ་རིང་དང་ནང་བཞིན་བུ་རྒྱུད་སློབ་གྲྭ་སྐྱེལ་བའི་སྤྲོ་སེམས་ཤིན་ཏུ་ཆེ་བ་རེད།མིག་སྔར།མུ་ལ་སྨད་པ་ཤང་གི་སློབ་ལོར་སོན་པའི་བྱིས་པ་སློབ་གྲྭར་འཇུག་ཚད་བརྒྱ་ཆ་བརྒྱ་ལ་ཟིན་པ་རེད།
  • ལེ་ཚན་སྔོན་མ།: ལི་ཐང་རྫོང་གིས་བཟའ་བཅའ་དང་སྨན་རྫས་ཉེན་མེད་ཐད་ཀྱི་ཚན་རིག་ཁྱབ་སྤེལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གིས་འབྲོག་པའི་དུད་ཚང3125ལ་གཞིས་ཆགས་སྡོད་ཁང་འཛུགས་སྐྲུན་བྱེད་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།