ལི་ཐང་རྫོང་གིས་བཟའ་བཅའ་དང་སྨན་རྫས་ཉེན་མེད་ཐད་ཀྱི་ཚན་རིག་ཁྱབ་སྤེལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

        2011-09-22

ཉེ་ཆར།ལི་ཐང་རྫོང་གིས་བཟའ་བཅའ་དང་སྨན་སྤྱོད་ཉེན་མེད་ཐད་ཀྱི་ཚན་རིག་ཁྱབ་སྤེལ་གཏོང་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།ཐེངས་འདིའི་ཚན་རིག་ཁྱབ་སྤེལ་གཏོང་བའི་དྲིལ་བསྒྲགས་བྱེད་སྒོ་དེ་རྫོང་ཡོངས་ཀྱི་ཁོངས་གཏོགས་ཤང་དང་གྲོང་རྡལ་བརྒྱ་ཆ་60དང་།དམའ་རིམ་སློབ་གྲྭ་འབྲིང་ཆུང་བརྒྱ་ཆ་50ལ་ཁེབས་པ་དང་།བརྙན་འཕྲིན་ཁང་གིས་ཚན་རིག་ཁྱབ་སྤེལ་གྱི་སྤྱི་ཕན་བརྡ་ཁྱབ་ཐེངས་60དང་དྲིལ་བསྒྲགས་གློག་བརྙན་ཐེངས་15ཙམ་བཏང་བ།དྲིལ་བསྒྲགས་བྱེད་སྒོ་དེས་བཟའ་བཅའ་དང་སྨན་སྤྱོད་ཉེན་མེད་ཐད་ཀྱི་ཤེས་བྱ་དེ་དག་རྒྱ་ཆེའི་མང་ཚོགས་ཁྲོད་སྔར་ལྷག་གིས་ཁྱབ་གདལ་བཏང་ཐུབ་ནས།མང་ཚོགས་ཚོའི་བཟའ་བཅའ་ཉེན་མེད་དང་ལུགས་མཐུན་གྱིས་སྨན་རྫས་བེད་སྤྱོད།བཅའ་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བཅས་ཀྱི་འདུ་ཤེས་མཐོར་འདེགས་བཏང་བ་རེད།
  • ལེ་ཚན་སྔོན་མ།: སྡེ་རོང་རྫོང་གིས་སྟར་ཀས་དཔལ་འབྱོར་ཐོན་ལས་བསྐྲུན།
  • ལེ་ཚན་རྗེས་མ།:མུ་ལ་སྨད་པ་ཤང་གི་མི་སེར་ཚོར་བུ་རྒྱུད་སློབ་གྲྭར་སྐྱེལ་བའི་སྤྲོ་སེམས་ཆེ།
  • དོ་སྣང་ཆེ་བའི་རྩོམ།