ལི་ཐང་རྫོང་གིས་འབྲོག་པའི་དུད་ཚང3125ལ་གཞིས་ཆགས་སྡོད་ཁང་འཛུགས་སྐྲུན་བྱེད་འགོ་ཚུགས།

སྒྲོལ་མ་ཚེ་མཚོས་བསྒྱུར།        2011-09-26

ད་ལོ་ནས་བཟུང་།ལི་ཐང་རྫོང་གིས་ཞིང་འབྲོག་པས་སེམས་ཁུར་ཆེ་ས་དང་།དཀའ་གནད་ལ་སེལ་རྒྱུ་ནས་འགོ་བཙུགས་ནས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་བ་དང་།རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བཏང་བ་རེད།
     ལོ་སྟོད་ནས་བཟུང་།རྫོང་དེས་མ་དངུལ་སྒོར་ཁྲི4212.5བཏང་བ།དུད་ཚང་3125ལ་སྡོད་ཁང་འཛུགས་སྐྲུན་བྱེད་འགོ་བཙུགས་པ་དུད་ཚང་ཁྲི1325ལ་སྡོད་ཁང་འཛུགས་སྐྲུན་བྱེད་འགོ་ཚུགས་པ།གཞིས་ཆགས་ས་གཞུང་ལམ་སྤྱི་ལེ93འཛུགས་སྐྲུན་བྱེད་འགོ་ཚུགས་པ།སྤྱི་ལེ40འཛུགས་སྐྲུན་བྱས་ཚར་བ།མ་དངུལ་སྒོར་ཁྲི860བཏང་བ།ཉེན་མེད་འཐུང་ཆུ་ལས་གྲྭ་ཁག་2འཛུགས་སྐྲུན་བྱེད་འགོ་ཚུགས་པ།1བསྐྲུན་ཚར་བ།ཆུ་སྦུ་ལྕགས་མདོང་སྨི16660སྒྲིག་སྦྱོར་བྱས་པ།ཆུ་རྫིང15བསྐྲུན་པ།མ་དངུལ་སྒོར་ཁྲི66བཏང་བ།གཞན་ཡང་ཁག་7གྱི་འཇོན་པོ་ནང་འགུགས་ཀྱི་ལས་འགན་གྲུབ་པ།གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཁང་ལྟེ་གནས6འཛུགས་སྐྲུན་བྱེད་འགོ་ཚུགས་པ།གློག་སྐྱེལ་སྐུད་ལམ་དང་གློག་བསྒྱུར་སྟེགས་བུའི་སྒྲིག་སྦྱོར་བྱེད་མཁན་འཇོན་འགུགས་ལས་ཀ་སྤེལ་བ།སློབ་ཆུང་གསུམ་པའི་འཛུགས་སྐྲུན་ཐད་མ་དངུལ་སྒོར་ཁྲི1200གྲུབ་པ།སྒུལ་བདེ་ཁ་པར་ས་ཚུགས་4བསྐྲུན་འགོ་ཚུགས་པ།མ་དངུལ་སྒོར་ཁྲི108བཏང་བ།གད་སྙིགས་གཅིག་སྡུད་བྱེད་ས་68གསར་འཛུགས་བྱས་པ།དཔེ་གསར་ཅན་གྱི་སྦྲ་གུར7498གཏོང་སྤྲོད་ཀྱི་ལས་ཀ་གྲུབ་པ།མཐོ་སྒང་གྲོང་ཁུལ་དང་ཆོས་ལྡན་ཤང་གི་འབྲོག་པའི་སྡོད་ཁང་བསྒྱུར་བཀོད་ལས་གྲྭ་འཛུགས་སྐྲུན་ལག་བསྟར་བྱེད་འགོ་ཚུགས་པ།མ་དངུལ་སྒོར་ཁྲི740བཏང་བ།ཧྭ་ཡིད་ཤང་སྤྱི་ལེ23གྲུབ་པ།འབོག་པ་ཤང་་གི་ཤང་བགྲོད་གཞུང་ལམ་གྱི་ཨར་ལས7གྱི་གཞུང་ལམ་སྔོག་འདོན་དང་ལམ་འགྲམ་བཟོ་བའི་ལས་གྲྭ་གྲུབ་པ།མ་དངུལ་སྒོར་ཁྲི7272བཏང་ནས་གྲོང་བགྲོད་གཞུང་ལམ་སྤྱི་ལེ352བསྐྲུན་པ།མ་དངུལ་སྒོར་ཁྲི216བཏང་བ།གྲོང་ཚོའི་ཉེན་མེད་འཐུང་ཆུ་ལས་གྲྭ7ལག་བསྟར་བྱས་ནས་མི2111ཡི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པ་རེད།མ་དངུལ་སྒོར་ཁྲི1194.9བཏང་ནས་ར་བཞི་ཆུ་བོའི་ནགས་དགར་དགོན་པའི་ཆུ་ལོག་འགོག་པའི་ལས་གྲྭ་གྲུབ་པ།མ་དངུལ་སྒོར་ཁྲི1779.13བཏང་བའི་མཐོ་སྒང་གྲོང་ཁུལ་གྱི་ཆུ་འགོག་ལས་གྲྭ་ལས་རྒྱུ་འཇོན་པོ་ནང་འགུགས་བྱེད་བཞིན་པ་རེད།མ་དངུལ་སྒོར་ཁྲི1042.3བཏང་ནས་མཐོ་སྒང་གྲོང་ཁུལ་གྱི་ཆུ་འབུད་(དུས་རིམ་གཉིས་པ)ལས་གྲྭ་དེ་ཆུ་འབུད་གཏོང་བྱེ་ས་སྨི3500གསར་སྐྲུན་བྱས་ཚར་བ།མ་དངུལ་སྒོར་ཁྲི587.07གཏོང་རྒྱུའི་འཆར་གཞི་ཡོད་པའི་མཐོ་སྒང་གྲོང་ཁུལ་གྱི་ཆུ་འབུད་(དུས་རིམ་གསུམ་པ།)རྣམ་གྲངས་སྣོན་པའི་ལས་ཀ་གྲུབ་པ་རེད།མ་དངུལ་སྒོར་ཁྲི422.23བཏང་ནས་ལ་པོ་ཤང་གི་ཞིང་ཁ་ཆུ་བེད་ཆེད་དོན་ལས་གྲྭ་ཆུང་གྲས་ཀྱི་ཆུ་ལེན་སྒྲིག་ཆས་འཛུགས་སྐྲུན་གྱི་ལས་ཀ་གྲུབ་པ་རེད།གྱང་པ་དང་ཆོས་ལྡན་ཤང་གཉིས་ཀྱི་C དྲ་འབྲེལ་ས་ཚུགས་མིག་སྔར་འཛུགས་སྐྲུན་བྱེད་པའི་སྒང་ཡིན་པ་རེད།རྫོང་ཡོངས་ཀྱི་གནས20ཡི་སྲིད་ཁྲིམས་ཕྱོགས་བསྡུས་སྲུང་སྐྱོང་བརྟན་བརླིང་སྟེགས་བུ་འཛུགས་སྐྲུན་གྲུབ་པ།མིག་སྔར་རྫོང་ཡོངས་ཀྱི་སྐུད་ཡོད་ཡངས་ལམ་ཅན་གྱི་དྲ་བ་སྤྱོད་མཁན་དུད་ཚང1722ཐོག་སླེབས་པ།ཤང་དང་གྲོང་ཚོ14ལ་འོད་འཁྲིད་ཚིལ་སྐུད་བྲེད་ཐུབ་པ།Cགློག་ཀླད་དྲ་འབྲེལ་ས་ཚུགས15བསྐྲུན་ཚར་བ།ཤང་དང་གྲོང་རྡལ12ལCགློག་ཀླད་དྲ་འབྲེལ་བརྡ་རྟགས་ཁེབས་མངོན་འགྱུར་བྱུང་བ།ཁེབས་ཚད་བརྒྱ་ཆ50ཡན་ཆད་ཐོག་སླེབས་པ།ལོ་སྟོད་དུ་གྲོང་ཁྱེར་ལས་གྲྭ66བསྐྲུན་པ།དེའི་ནང་ལོ་བརྒལ་གྱི་ལས་གྲྭ12ཡོད་པ།མ་དངུལ་སྒོར་ཁྲི5909.76བཏང་བ།ལས་གྲྭ54གསར་སྐྲུན་བྱས་པ་མ་དངུལ་སྒོར་ཁྲི8412.07བཏང་ཡོད་པ་རེད།
  • ལེ་ཚན་སྔོན་མ།:མུ་ལ་སྨད་པ་ཤང་གི་མི་སེར་ཚོར་བུ་རྒྱུད་སློབ་གྲྭར་སྐྱེལ་བའི་སྤྲོ་སེམས་ཆེ།
  • ལེ་ཚན་རྗེས་མ།:རོང་བྲག་རྫོང་གིKVགློག་སྐྱེལ་གློག་སྒྱུར་ས་ཚུགས་ཀྱི་ཨར་ལས་ལེགས་འགྲུབ་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།