དཀར་མཛེས་ཁུལ་ཞིང་ལས་ཅུས་ཀྱི་ཆེད་ལས་མཁས་ཅན་གྱི་ཚོ་ཆུང་དཀར་མཛེས་རྫོང་གི་ཐོན་ཚད་ཚོད་རྩིས་བྱས་པ།

བདེ་སྐྱིད།        2011-08-18

ཟླ་བ་8པའི་ཚེས་7ཉིན་དུ་དཀར་མཛེས་ཁུལ་ཞིང་ལས་ལྟེ་བའི་ཀྲུའུ་རེན་ཟླ་བ་དང་བཅས་པའི་ཐོན་ཚད་ཚོད་རྩིས་ཆེད་ལས་མཁན་ཅན་ཚོ་ཆུང་གི་མི་སྣ་དཀར་མཛེས་རྫོང་དུ་ཡོང་ནས་རྫོང་དེའི་ལས་བགོས་རྫོང་དཔོན་གཞོན་པ་དང་ཞིང་ལས་སྡེ་ཁག་འགན་ཁུར་པས་ཕེབས་རོགས་འོག་སྦོན་རྗེས་སུ་ལྟོ་པ་ངང་གསེར་འགྱུར་སྟེང་ཤང་སུ་ཟབ་འཇུག་བྱས་ནས་ཐོན་ཚད་ཚོད་རྩིས་ཀྱི་ལས་ཀ་སྤེལ་བ་རེད།
     ད་ལོར་དཀར་མཛེས་རྫོང་ཞིང་ལས་སྡེ་ཁག་གིས་རྫོང་དེའི་རྫོང་ཨུ་དང་སྲིད་གཞུང་གི་ཤུགས་ཆེན་པོས་རྒྱབ་སྐྱོར་འོག་ཞིང་པའི་རྨོ་ཞིང་གཅིག་བསྡུས་བྱས་ནས་མུའུ་སྟོང་སོན་བཟང་ཚོད་ལྟ་འདེབས་འཛུགས་བྱས་ནས་ས་བོན་སྨན་བསྲེས་དང་འཕྲུལ་རྨོ་འཕྲུལ་འདེབས།རྫས་འགྱུར་སྨན་གྱིས་རྩྭ་ཡན་སེལ་བ་སོགས་ཀྱི་ལས་ཀ་བྱས་པ།ཐོན་ཚད་ཚོད་རྩིས་ཀྱི་ལས་སྒྲུབ་ཚོ་ཆུང་གིས་གཙོ་བོ་རྫོང་དེའི་ནས་དང་གྲོ།སྲན་མ།ཡུངས་དཀར།ཞོག་ཁོག་སོགས་ཀྱི་འབྲུ་རིགས་ལོ་ཏོག་གི་ཐོན་ཚད་ལ་ཚོད་རྩིས་བྱས་པར་མ་ཟད།ཚད་མཐོན་པོས་གདེང་འཇོག་བྱས་པ།ཁུལ་ཞིང་ལས་ལྟེ་བའི་ཀྲུའུ་རེན་ཟླ་བས་ད་ལོ་དཀར་མཛེས་རྫོང་གི་འབྲུ་རིགས་ལོ་ཏོག་ལོ་ལེགས་ཐོབ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་རྫོང་དེའི་ཏང་ཨུ་དང་སྲིད་གཞུང་གིས་ཞིང་ལས་ལ་མཐོང་ཆེན་བྱས་པར་མ་ཟད།ཞིང་ལས་ཐད་མ་དངུལ་མང་དུ་བཏང་ཡོད།ཞིང་ལས་སྡེ་ཁག་གིས་ཚན་རྩལ་མི་སྣས་བྱ་སྤྱོད་གསུམ་ལག་བསྟར་བྱས་ནས་འཕྲུལ་རྨོ་འཕྲུལ་འདེབས་དང་རྫས་འགྱུར་ལིང་ཨན་ལུད་བསྲེས་ནས་ས་བོན་འདེབས་པ།ཁུལ་དང་རྫོང་གི་ཞིང་ལས་ལག་རྩལ་མ་སྣ་རྒྱུན་དུ་རྫོང་དེའི་ཞིང་སྡེར་ཟབ་འཇུག་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ས་ཞིང་འདེབས་པ་སོགས་ཡིན་པས།རྫོང་དེའི་ལོ་ཏོག་ལོ་ལེགས་ཐོབ་པ།
  • ལེ་ཚན་སྔོན་མ།:གསེར་ཐར་རྫོང་གིས་རིན་པ་མི་དགོས་པའི་སྒོས་ཞིང་འབྲོག་གི་བུ་ཕྲུག་ལ་ལས་ཞུགས་སྐོར་གྱི་གསོ་སྦྱོང་བྱས།
  • ལེ་ཚན་རྗེས་མ།:གེ་སར་སྒྱུ་རྩལ་པའི་ཁྱིམ་རྒྱུད་རང་ཁུལ་དུ་དངོས་སུ་བཙུགས།
  • དོ་སྣང་ཆེ་བའི་རྩོམ།