གེ་སར་སྒྱུ་རྩལ་པའི་ཁྱིམ་རྒྱུད་རང་ཁུལ་དུ་དངོས་སུ་བཙུགས།

ཚེ་རིང་ལྷ་མོས་བསྒྱུར།        2011-08-22

ཟླ8པའི་ཚེས5ནས་ཚེས8ཉིན་གྱི་བར་གེ་སར་སྒྱུ་རྩལ་པའི་ཁྱིམ་རྒྱུད་ལ་སྒོ་བྱང་འགེལ་པའི་མཛད་དེ་ཁག་དབྱེ་ནས་རང་ཁུལ་གྱི་གསེར་ཐར་རྫོང་དང་སྡེ་དགེ་རྫོང་གཉིས་སུ་སྤེལ་བ་རེད།གོ་ཐོས་བྱུང་བར་གཞིགས་ན།རང་ཁུལ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་རྗེས་སུ་ཨང་གཉིས་པར་གེ་སར་སྒྱུ་རྩལ་པའི་ཁྱིམ་རྒྱུད་ཀྱི་སྒོ་བྱང་འགེལ་ནས་བཙུགས་པའི་ས་ཁུལ་ཞིག་ཡིན་པ་རེད།
     རྒྱལ་ཡོངས་ཀྱི་གེ་སར་ལས་སྒྲུབ་འགོ་ཁྲིད་ཚོ་ཆུང་གི་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་དང་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཆོས་སྒྲོན།སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གི་ཐིང་ཀྲང་ཚེ་པོ།ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས།ཁུལ་རིག་གནས་ལུསརྩལ་རྒྱང་བསྒྲགས་ཅུས་ཀྱི་འགོ་ཁྲིད་པ་དང་གེ་སར་ཀྱི་སྒྱུ་རྩལ་པ་བཅས་སྒོ་བྱང་འགེལ་པའི་མཛད་སྒོའི་ནང་ཞུགས་པ་རེད།
     སྒོ་བྱང་འགེལ་པའི་སྐབས་སུ་ལས་སྒྲུབ་ཚོ་ཆུང་དང་ལྷན་ཕེབས་ཚོས་སྔོན་རྗེས་སུ་གསེར་ཐར་་རྫོང་གི་སྙན་ལུང་ཤང་སྙན་ལུང་དགོན་པ་དང་གསེར་ཐར་རྫོང་དངོས་མང་བཤམས་སྟོན་ཁང་།སྡེ་དགེ་རྫོང་ཨ་ཕྱུག་ཤང་གི་གེ་སར་དྲན་གསོ་ཁང་བཅས་ལ་འཚམས་འདྲི་ཞུས་ཤིང་ལྟ་སྐོར་བྱས།ཡུལ་དེའི་གེ་སར་ལ་མྱུར་སྐྱོབ་དང་ལྟ་སྐྱོང་།ཞིབ་འཇུག་ལས་ཀ་བསྒྲུབ་ཚུལ་ཞུ་བར་ཉན་འཇོག་བྱས་པ་དང་ཕྱིན་ཆད་ཀྱི་ལས་ཀར་རེ་འདུན་གསལ་པོར་བཏོན་པ་རེད།རྒྱལ་ཁབ་དང་ཞིན་ཆེན་རིམ་པའི་གེ་སར་གདན་རབས་པ་ཨ་ཉིད་དང་ཐུབ་བསྟན།ཨོ་རྒྱན་སྒྲོལ་མ་སོགས་བྱ་འགུལ་ནང་ཞུགས་ནས་འཁྲབ་སྟོན་ཐོག་སྒྲུང་བཤད་པ།དུས་མཚུངས་སུ་གསེར་ཐར་རྫོང་གི་གེ་སར་ཟློས་གར་ཚོགས་པ་དང་སྡེ་དགེ་རྫོང་གི་སྒྱུ་རྩལ་ཚོགས་པ་སོགས་ཀྱི་འཁྲབ་སྟོན་པ་རྣམས་ཀྱིས་གེ་སར་རྣམ་ཐར་དུམ་ཚན་འཁྲབ་སྟོན་བྱས་པ་རེད།དེའི་ནང་སྡེ་དགེ་རྫོང་གི་དགོན་པའི་ཇོ་མོ་རྣམས་ཀྱིས་གེ་སར་རྟ་རྒྱུགས་རྒྱལ་འཇོག་གི་རྣམ་ཐར་འཁྲབ་པས་དེར་དཔེ་གསར་གཞན་དང་མི་འདྲ་བའི་རྣམ་ཐར་འཁྲབ་བའི་ཐོག་མར་དར་སྤེལ་གཏོང་མཁན་དུ་བརྩིས་ནས་ཡུལ་དངོས་ཀྱི་གཟིགས་མོ་བ་རྣམས་ཀྱིས་མགྲིན་གཅིག་ཏུ་གདེང་འཇོག་ཡག་པོ་བྱས་པ་རེད།
     མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་བར་བྱས་རྗེས་བཞག་པའི་ཆེད་དུ་གེ་སར་སྒྱུ་རྩལ་པ་རྣམས་ལ་གཟེངས་བསྟོད་དང་སྐུལ་སློང་བྱས་པ་རེད།ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་ཅུས་ཀྱིས་གསེར་ཐར་དང་སྡེ་དགེ་རྫོང་གཉིས་ལ་གེ་སར་སྒྱུ་རྩལ་པའི་ཁྱིམ་རྒྱུད་ལས་འགོ་རྩོམ་པའི་འགྲོ་གྲོན་སྒོར་ཁྲི1སྤྲད་པ་མ་ཟད།ད་དུང་ཡུལ་དངོས་སུ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གེ་སར་སྒྱུ་རྩལ་པ་བཅས་ལ་དངོས་པོ་མིན་པའི་ཤུལ་བཞག་རིག་རྫས་རྣམ་གྲངས་རྒྱུད་འཛིན་དང་དར་སྤེལ་གཏོང་མཁན12ལ་འཚོ་སྣོན་འགྲོ་སོང་སྒོར་ཁྲི10ལྷག་ཙམ་སྤྲད་པ་རེད།།
  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་ཞིང་ལས་ཅུས་ཀྱི་ཆེད་ལས་མཁས་ཅན་གྱི་ཚོ་ཆུང་དཀར་མཛེས་རྫོང་གི་ཐོན་ཚད་ཚོད་རྩིས་བྱས་པ།
  • ལེ་ཚན་རྗེས་མ།:ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིའུ་ཆི་པའོ་ཡིས་རང་ཁུལ་དུ་བརྟག་ཞིབ་བྱས།
  • དོ་སྣང་ཆེ་བའི་རྩོམ།