ཟླ་བ་8པའི་ཚེས་7ཉིན།གསེར་ཐར་རྫོང་གིས་དུས་ཡུན་གསུམ་པའི་ཞིང་འབྲོག་པའི་བུ་ཕྲུག་རྒྱུགས་སྤྲོད་སྔོན་གྱི་གསོ་སྐྱོང་སྦྱོང་བརྡར་གྱི་འཛིན་གྲྭ་འགོ་ཚུགས་པའི་མཛད་སྒོ་སྤེལ་བ།རྫོང་ཡོངས་ཀྱི་སློབ་གྲྭ་ཆེ་བ་དང་འབྲིང་བ་ནས་སློབ་ཐོན་བྱུང་བའི་སློབ་མ་52འཛིན་གྲྭ་གཉེར་འགོ་ཚུགས་པའི་མཛད་སྒོ་ནང་ཞུགས་ཡོད།
ཐེངས་འདིའི་རྒྱུགས་སྤྲོད་སྔོན་གྱི་གསོ་སྐྱོང་སྦྱོང་བརྡར་བྱ་རྒྱུའི་ལས་ཀ་ནི་གསེར་ཐར་རྫོང་ཤེས་ཡོན་མི་སྣ་བརྗེ་རེས་དང་ལས་ཞུགས་ཞབས་ཞུ་ཅུས་ཀྱིས་ལག་བསྟར་བྱས་པ་དང་།ཁུལ་ཨུའི་ཏང་གི་སློབ་གྲྭའི་འཇོན་ཐང་ཅན་གྱི་དགེ་རྒན་གདན་འདྲེན་ཞུས་ནས་སློབ་ཁྲིད་བྱེད་བཅུག་པ།གསོ་སྐྱོང་སྦྱོང་བརྡར་བྱ་རྒྱུའི་ནང་དོན་ནི་དེང་སྐབས་རྒྱལ་ཁབ་གཞུང་ལས་པ་རྒྱུགས་སྤྲོད་བྱེད་ཚུལ་དང་ཟུང་འབྲེལ་བྱས་ཏེ་དུས་ཡུལ་15ནང་གཙོ་བོར《དཔྱད་སྒྲུབ》དང《སྲིད་འཛིན་འཇོན་ནུས་ཚད་ལེན་ཚོད་ལྟ》སློབ་ཚན་གཉིས་སློབ་ཁྲིད་བྱས་པ་དང་སྦྲགས།གསོ་སྐྱོང་སྦྱོར་བརྡར་གྱི་སློབ་ཚན104བཏང་ཡོད།