དར་མདོ་རྫོང་གིས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་སྐྲུན་གྱི་ཆེད་དོན་སློབ་ཁྲིད་བྱས།

མིག་དམར།        2011-08-18

ཉེ་ཆར་དར་མདོ་རྫོང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཁྲིད་ལས་དོན་པུའུའི་ཀྲུའུ་རེན་གཞོན་པ།དགེ་རྒན་ཆེན་མོ་ཧྥེང་ཕེང་ཀྲི་གདན་འདྲེན་ཞུས་ནས་རྫོང་སྲིད་གཞུང་གི་ཞབས་ཞུ་ལྟེ་གནས་སུ་དར་མདོ་རྫོང་ཨུ་དང་རྫོང་སྲིད་གཞུང་།རྫོང་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁགགྲོང་རྡལ་སོ་སོའི་འགན་འཁུར་མི་བཅས་མི་སྣ་གཉིས་བརྒྱ་ལྷག་ལ་དར་མདོ་རྫོང་གིས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་སྐྲུན་བྱེད་སྟངས་སྐོར་ཆེད་དོན་སློབ་ཁྲིད་བྱས་པ་རེད།
     དགེ་རྒན་ཆེན་མོ་ཧྥེང་ཕེང་ཀྲིས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་སྐྲུན་གྱི་བྱེད་སྟངས་གནད་དོན་ལ་བརྗོད་བྱའི་དོན་ཟབ་ཅིང་རྗོད་བྱེད་ཀྱི་ཚིག་གསལ་བའི་སྒོ་ནས་འཆད་ཁྲིད་གནང་བ་རེད།ཁོང་གིས་གསུངས་རྒྱུར།དོ་དམ་ལ་ཤུགས་སྣོན་དང་གསར་སྐྲུན་བྱ་རྒྱུ་ནི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཆུ་ཚད་དང་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ཀྱིས་གཏན་འཁེལ་བྱས་པ་དང་མིག་སྔར་རྣམ་པ་གསར་པས་གནད་དོན་གང་མང་ཞིག་ཐོན་དུ་བཅུག་པ་རེད།སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་སྐྲུན་བྱ་རྒྱུ་དེ་ནུབ་ཕྱོགས་ཆབ་སྲིད་ལམ་ལུགས་ཀྱི་རྣམ་པ་དང་གཅིག་མཚུངས་བྱེད་མི་རུང་སྟེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་དོ་དམ་མ་ལག་ཅིག་འཛུགས་དགོས་པ་དང་ཆབས་ཅིགསྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་སྐྲུན་གྱི་ལས་དོན་གཙོ་བོ་གང་ནས་འགོ་འཛུགས་དགོས་པ་སོགས་བྱེད་ཐབས་དང་རྣམ་པ་ལ་དུས་ཚོད་གསུམ་ཙམ་སྤྱད་དེ་འཆད་ཁྲིད་གནང་བ་རེད།འཆད་ཁྲིད་ལ་ཉན་པའི་མི200ལྷག་གི་ཏང་ཡོན་ལས་བྱེད་པ་ལ་གོ་རྟོགས་གསར་པ་བྱུང་ཞིང་དམངས་ལ་ཞབས་འདེགས་ཞུ་བའི་ཤེས་བྱ་དང་སྲིད་སྐྱོང་གི་འདུ་ཤེས་སོགས་མི་ཉུང་བ་ཞིག་ཤེས་རྟོགས་བྱུང་བ་རེད།
  • ལེ་ཚན་སྔོན་མ།:རོང་བྲག་རྫོང་གིས་རིག་གནས་དང་ལྗོངས་རྒྱུ་མཚན་རྟགས་ཀྱི་དགེ་མཚན་ཐོན་ནུས་ཆེ་སྤེལ་བྱས །
  • ལེ་ཚན་རྗེས་མ།:གསེར་ཐར་རྫོང་གིས་རིན་པ་མི་དགོས་པའི་སྒོས་ཞིང་འབྲོག་གི་བུ་ཕྲུག་ལ་ལས་ཞུགས་སྐོར་གྱི་གསོ་སྦྱོང་བྱས།
  • དོ་སྣང་ཆེ་བའི་རྩོམ།