རོང་བྲག་རྫོང་གིས་རིག་གནས་དང་ལྗོངས་རྒྱུ་མཚན་རྟགས་ཀྱི་དགེ་མཚན་ཐོན་ནུས་ཆེ་སྤེལ་བྱས །
ཚེ་རིང་ལྷ་མོས་བསྒྱུར། 2011-08-18
རོང་བྲག་རྫོང་གིས་རིག་གནས་ལྗོངས་རྒྱུའི་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་ཇེ་མགྱོགས་བཏང་བ་དང་།དྲིལ་བསྒྲགས་བྱ་རྒྱུ་ཤུགས་སྣོན་བརྒྱབ་ཏེ་རིག་གནས་དང་ལྗོངས་རྒྱུའི་མཚན་རྟགས་ཀྱི་དགེ་མཚན་ཐོན་ནུས་རྒྱ་ཆེར་སྤེལ་བའི་བྱེད་ཐབས་སོགས་སྤྱད་ནས་རིག་གནས་དང་ལྗོངས་རྒྱུའི་ཐོན་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་བ་རེད།ད་ལོའི་ལོ་སྟོད་དུ་རྫོང་ཡོངས་ཀྱི་སྤྲོ་གསེང་གཏོང་མཁན་གྱི་མིའི་ཐེངས་གྲངས་ཁྲི་12.58སྣེ་ལེན་བྱས་པ་དང་ན་ལོའི་དུས་མཉམ་དུ་བསྡུར་ན་བརྒྱ་ཆ་15.70འཕར་སྣོན་བྱུང་ཡོད།སྒོ་འཛིན་གྱི་ཡོང་འབབ་སྒོར་ཁྲི་53.10ལྷག་ཡོད་པས་ན་ལོའི་དུས་མཉམ་ལས་བརྒྱ་ཆ་53.50འཕར་སྣོན་བྱུང་ཡོད།ལྗོངས་རྒྱུའི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་8175.45ཡོད་པས་ན་ལོའི་དུས་མཉམ་ལས་བརྒྱ་ཆ་14.40འཕར་སྣོན་བྱུང་ཡོད།
རིག་གནས་དང་ལྗོངས་རྒྱུའི་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ།ཞིང་ཆེན་ཡོངས་ཀྱི་མགྱོགས་མྱུར་དུ་ཡུལ་སྐོར་ཚད་ལྡན་ཅན་གྱི་དཔེ་སྟོན་རྫོང་ཞིག་གསར་འཛུགས་བྱས་ནས།མགྲོན་ཁང་དང་།དམངས་སྡོད་ཀྱི་སྣེ་ལེན།ལྗོངས་རྒྱུའི་ལས་རིགས་མི་སྣ་བཅས་དོ་དམ་བྱ་རྒྱུ་ཚད་ལྡན་བྱས་པ།བརྒྱ་རྒྱུད་བོད་གྲོང་ཏེ་རྒྱལ་ཁབ་ཀྱི4Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཀྱི་གསར་འཛུགས་སྙན་ཞུའི་ལས་ཀར་ཤུགས་སྣོན་བརྒྱབ་པ་དང་།སོག་པོའི་མཁར་ཟུར་བཅུ་གསུམ་མ་དང་སྤྲོ་སྣང་གི་མཁར་མཆོད་ཁང་བསྐྱར་གསོའི་རྣམ་གྲངས་ཀྱི་སུ་འཇོན་དེ་འགུགས་ཀྱི་ལས་ཀ་བསྒྲུབས་ཚར།
རིག་གནས་དང་ལྗོངས་རྒྱུའི་མཚན་རྟགས་ཀྱི་དགེ་མཚན་ཐོན་ནུས་རྒྱ་ཆེར་སྤེལ་བ།ཕན་ཚུན་འབྲེལ་གཏུག་དྲ་བའི་ཡུལ་མིང་ལྟ་སྐྱོང་བྱེད་རྒྱུ་ཇེ་མཐོར་བཏང་ནས་ཀྲུང་གོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་དང་མཁར་སྟོང་ལྡན་པའི་རྒྱལ་ཁམས།བརྒྱ་རྒྱུད་བོད་གྲོང་བཅས་བརྡ་གཏོང་གློག་ལམ་དྲ་བ་བཅུ་གསུམ་གྱི་ཡུལ་མིང་སོགས་ཐོ་འགོད་བྱས་པ་ཡིན།རོང་བྲག་རྫོང་གི་ཡུལ་སྐོར་ཆ་འཕྲིན་དྲ་བའི་ཤེས་ཚད་རྒྱ་ཆེར་ཡོད་པས་སྐབས་གསུམ་པའི་ཀྲུང་གོའི་ཆེས་ཡིད་སྨོན་གྱི་ས་ཁུལ་སོགས་ཀྱི་བརྡ་གཏོང་གློག་ལམ་དྲ་བའི་ནང་དཔྱད་བསྡུར་འདེམས་བསྐོ་བྱེད་པའི་བྱ་འགུལ་ནང་ཞུགས་གང་ཐུབ་བྱས་པར་མ་ཟད་ཨང་གསུམ་པའི་མཚན་སྙན་ཐོབ།སྐབས་གཉིས་པའི་ཀྲུང་གོ་ནུབ་རྒྱུད་ཀྱི་ལྗོངས་རྒྱུ་ཐོན་ལས་དངོས་མང་སྟོན་ཚོགས་
དང་སྟོན་ཀ་དཀར་མཛེས་ལ་བཅར་འདྲི་བྱེད་པའི་བྱེད་སྒོའི་ནང་ཞུགས་པ་དང་ཆབས་ཅིགརོང་བྲག་གི་རྒྱལ་རོང་བོད་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་དུས་ཆེན་ནང་ཀྲུང་གོ་མི་རིགས་ཀྱི་ཁྱད་ཆོས་ཆེས་ལྡན་པའི་དུས་ཆེན་གྱི་མཚན་སྙན་ཐོབ།