ཞིང་སྡེ་གྲངས་ཀའི་གློག་བརྙན་འཁོར་སྐར་གྱི་བསྡུ་ལེན་ལྟེ་གནས་གསེར་ཐར་རྫོང་ལ་གཞིས་ཆགས།

མ་ཚེ་རིང་ལྷ་མོས་བསྒྱུར།        2011-08-18

ཟླ་༨པའི་ཚེས༡ཉིན་ལ་རྒྱལ་ཁབ་ཀྱི་རྒྱང་བསྒྲགས་དང་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་གསེར་ཐར་རྫོང་ལ་ཆེད་དུ་མི་སྣ་བཏང་ནས་རྫོང་འདི་ལ་རིན་པ་མི་ལེན་པའི་གོང་ཚད་ཁྲི10ལྷག་ཙམ་གྱི་ཞིང་སྡེར་གྲངས་ཀའི་འཁོར་སྐར་གྱི་བསྡུ་ལེན་ལྟེ་གནས་སྒྲིག་ཆས་སྦྱིན་པ་མ་ཟད་ལྷུ་སྒྲིག་རོགས་བྱས་པ་རེད།
     སྒྲིག་ཆས་འདི་ནི་འཁོར་སྐར་གྱི་གནམ་སྐུད་དང་འགྲེལ་བཀག་གི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར།གློག་ཀླད་ཞབས་འདེགས་འཕྲུལ་ཆས་བཅས་རྒྱུད་རིམ་གསུམ་ལས་གྲུབ།
     སྒྲིག་ཆས་ལྷུ་སྒྲིག་ཚར་རྗེས་གློག་བརྙན་པར་གཞི་དང་པར་གཞི་འདོགས་པ།པར་གཞི་ཉོ་བ་བཅས་བསྡུ་ལེན་དང་གཞན་དབང་བཅོལ་འཁྲབ་ཐེངས་ཀྱི་ཐོག་ལེབ་ཡིན།ཞིང་སྡེར་གྲངས་ཀའི་གློག་བརྙན་འཁོར་སྐར་ཀྱི་བསྡུ་ལེན་ལྟེ་གནས་བཙུགས་ཚར་རྗེས་འཁོར་སྐར་བརྒྱུད་ནས་ཐད་ཀར་དུ་གློག་བརྙན་བསྡུ་ལེན་བྱེད་ཆོག་ལ།གློག་བརྙན་བསྡུ་ལེན་གྱི་ལས་ཀ་ལ་སྟབས་བདེ་ཞིང་མགྱོགས་པོའང་ཡིན་པས།ཞིང་འབྲོག་མི་དམངས་ཚོས་དུས་ཐོག་དུ་གློག་བརྙན་གསར་པ་མང་པོ་བསྡུ་ལྟ་བྱེད་ཐུབ་པ་རེད།
  • ལེ་ཚན་སྔོན་མ།:ཧུར་བརྩོན་གྱིས་ཞིང་ལས་བྱས་པ་ལས།། ལོ་ལེགས་ཀྱི་གཡུར་ཟའི་འབྲས་བུ་ཐོབ།།
  • ལེ་ཚན་རྗེས་མ།:རོང་བྲག་རྫོང་གིས་རིག་གནས་དང་ལྗོངས་རྒྱུ་མཚན་རྟགས་ཀྱི་དགེ་མཚན་ཐོན་ནུས་ཆེ་སྤེལ་བྱས །
  • དོ་སྣང་ཆེ་བའི་རྩོམ།