ཧུར་བརྩོན་གྱིས་ཞིང་ལས་བྱས་པ་ལས།། ལོ་ལེགས་ཀྱི་གཡུར་ཟའི་འབྲས་བུ་ཐོབ།།

        2011-08-16

ཉེ་བའི་ལོ་ཤས་རིང་ཏང་དང་སྲིད་གཞུང་གིས་ཀྲུང་དབྱང་གི་ཞིང་ཕན་སྲིད་ཇུས་ཁག་ལག་བསྟར་དོན་འཁྱོལ་བྱས་པ་དང་འབྲེལ་བྱེད་ཐབས་སྣ་མང་སྤྱད་ནས་འབྲུ་རིགས་ཐོན་སྐྱེད་བདེ་འཇགས་ལ་སྲུང་སྐྱོང་བྱས་ཏེ་ཞིང་པས་ཞིང་ཁ་འདེབས་པའི་ཧུར་བརྩོན་རང་བཞིན་ལ་སྐུལ་སྤེལ་བྱེད་ཤུགས་ཆེ་རུ་བཏང་བ་དང་ཆབས་ཅིགཞིང་པས་ཚན་རིག་དང་མཐུན་པའི་སྒོ་ནས་རྨོད་འདེབས་བྱས་པ་དང་ལུད་འཇོག་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བར་མ་ཟད།ཞིང་པས་ཚན་རིག་ལ་མཐུན་ཞིང་མི་རིགས་རང་གི་ཡུལ་སྲོལ་གོམས་གཤིས་དང་ཡང་མི་འགལ་བས་སད་སེར་གྱིས་ཐད་པ་མེད་ཅིང་ཆར་ཆུ་དུས་སུ་བབས་པས་གྲོ་དང་ནས།སྲན་མ་སོགས་ལ་འབྲས་བུ་གཡུར་ཟ་ཐོབ་སྟེ་ལོ་ལེགས་བྱུང་།
     ཉེ་ཆར་གསར་འགོད་པ་ཕ་ཡུལ་ལ་བསྐྱོད་པའི་ལམ་བར་དུ་ར་རྔ་ཁ་དང་འགག་པ།སྐྱ་གད་སོགས་སུ་སྟོན་བསྡུའི་དུས་ཚིགས་སུ་སླེབས་ཏེ་ནས་བརྔ་བའི་ལས་ལ་བྲེལ་བཞིན་འདུགགནམ་ངོ་དྭངས་ཤིང་ཉི་མ་ཅི་འདྲ་དྲོད་རུང་མི་སེར་རྣམས་དགའ་བ་འབུམ་གྱིས་ཕྱུག་སྟེ་སྟོན་བསྡུའི་གླུ་དབྱངས་ངག་ལ་དྲངས་ཤིང་ལུས་ཀྱི་སྟངས་སྟབས་དང་བཅས་ཏེ་སྟོན་ཐོག་བསྡུ་བ་དང་།དེའང་ལ་ལས་འཕྲུལ་འཁོར་སྤྱད་དེ་སྟོན་བསྡུ་ལ།ཁ་ཤས་ཀྱིས་ཁྱིམ་མཚེས་བར་རོགས་རམ་དང་བཅས་ཏེ་ནས་བརྔ་བ་རེད།
  • ལེ་ཚན་སྔོན་མ།:བྲག་འགོ་ཞིང་དོར་ནགས་སྤེལ་ལས་གྲྭ་ལ་རྒྱལ་ཁབ་ཀྱིས་ཞིབ་བཤེར་རྩིས་ལེན་བྱས།
  • ལེ་ཚན་རྗེས་མ།:ཞིང་སྡེ་གྲངས་ཀའི་གློག་བརྙན་འཁོར་སྐར་གྱི་བསྡུ་ལེན་ལྟེ་གནས་གསེར་ཐར་རྫོང་ལ་གཞིས་ཆགས།
  • དོ་སྣང་ཆེ་བའི་རྩོམ།