བྲག་འགོ་ཞིང་དོར་ནགས་སྤེལ་ལས་གྲྭ་ལ་རྒྱལ་ཁབ་ཀྱིས་ཞིབ་བཤེར་རྩིས་ལེན་བྱས།
མིག་དམར་གྱིས་བསྒྱུར། 2011-08-16
ཉེ་ཆར།རྒྱལ་ཁབ་ནགས་ལས་ཅུས་ཞིང་དོར་ནགས་སྤེལ་ཞིབ་བཤེར་རྩིས་ལེན་གྱི་ལས་དོན་ཚོ་ཆུང་གིས་བྲག་འགོ་རྫོང་གི་2003ལོར་ལག་བསྟར་བྱས་ཏེ2011ལོར་དུས་ཚོད་ཚང་ལ་རྫོང་ཡོངས་ཀྱི་གྲོང་རྡལ་15དང་སྲིད་འཛིན་གྲོང་གསེབ་69།ཞིང་དོར་བའི་དུད་ཁྱིམ་3195།ས་ཚུགས་ཆུང་བ་317བཅས་ཀྱི་ཞིང་དོར་ནགས་སྤེལ་གྱི་ལས་གྲྭ་ལ་ཞིབ་བཤེར་རྩིས་ལེན་བྱས་པ་རེད།
ཞིབ་བཤེར་བྱེད་སྐབས།རྒྱལ་ཁབ་ཞིབ་བཤེར་ཚོ་ཆུང་གིས་ལག་རྩལ་གྱི་འཆར་གཞིའི་རེ་བ་ལྟར།རྫོང་ཡོངས་ཀྱི་གྲོང་རྡལ་7དང་སྲིད་འཛིན་གྲོང་གསེབ་32།ས་ཚུགས་ཆུང་བ་146གི་ཞིང་དོར་ནགས་སྤེལ་ལས་གྲྭ་ལ་ཕྱི་ཕྱོགས་ལས་རིགས་ལ་རྟོག་ཞིབ་དང་ནང་ཕྱོགས་ལས་རིགས་ཀྱི་ཡིག་ཆར་ལེགས་སྒྲིག་བྱས་རྗེས《བྲག་འགོ་རྫོང་གི་2011ལོར་དུས་ཚོད་ཚང་བའི་ཞིང་དོར་ནགས་སྤེལ་ལས་གྲྭ་རྒྱལ་ཁབ་ཀྱི་ཞིབ་བཤར་སྙན་ཞུ》གྲུབ་པ་དང་ཞིབ་བཤེར་སྙན་ཞུ་དེས་རྫོང་དེར་2003ལོའི་ཞིང་དོར་ནགས་སྤེལ་ལས་གྲྭ་སྤེལ་བའི་ལས་དོན་དང་གྲུབ་འབྲས་ལ་གདེང་འཇོག་ཅུང་མཐོན་པོ་གནང་།རྟོག་ཞིབ་རྩིས་ལེན་གྱི་རྒྱ་ཁྱོན་མུའུ་7419.2ཡོད་ལ།དེའི་ནང་ཚད་དང་མཐུན་པའི་རྒྱ་ཁྱོན་མུའུ་6633.2ཡོད་པས་བརྒྱ་ཆ་89.4ལ་སླེབས།ཧ་ལམ་ཚད་དང་མཐུན་པའི་རྒྱ་ཁྱོན་མུའུ་786ཡོད་པས་བརྒྱ་ཆ་10.6ལ་སླེབས།རྒྱ་ཁྱོན་ཚད་དང་མཐུན་པ་བརྒྱ་ཆ་100ལ་ཟིན་པ་རེད།