སེར་ཤུལ་རྫོང་གིས་ཁྲོམ་རའི་རིན་གོང་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་།

མིག་དམར་གྱིས་བསྒྱུར།        2011-08-16

ཉེ་ཆར།གསར་ཤུལ་རྫོང་རིན་གོང་ལྟ་སྐུལ་ཞིབ་བཤེར་ཡན་ལག་ཅུས་ཀྱིས་ཁྲོ་ཤུལ་འགབ་མ་ཤང་གི་ཤང་མིས་ཕག་ཤ་ཉོ་དུས་ཕག་ཤ་ལ་སྲིད་གཞུང་གིས་བསྟན་པའི་རིན་གོང་ལས་མཐོ་བས་ཞུ་གཏུག་གི་ཁ་པར་བཏང་བར་ཉན་པ་རེད།
     ཞིབ་བཤེར་མི་སྣས་ཞིབ་བཤེར་ཀྱི་ལག་ཁྱེར་བསྟན་ནས་ཞུ་གཏུག་བྱེད་མི་ལ་ཞིབ་བཤེར་བྱས་པ་རེད།ཞུ་གཏུག་བྱེད་ས་དེ་གསེར་ཤུལ་རྫོང་གྲོང་སྡེའི་ཚོང་རའི་ཕག་ཤ་འཚོང་བའི་སྒེར་གྱི་ཁེར་ལས་དུད་ཁྱིམ་ཞིག་ཡིན་ལ་དུད་ཁྱིམ་དེས་ཕག་ཤར་སྲིད་གཞུང་གིས་བསྟན་པའི་རིན་གོང་ལས་མཐོ་བའི་གནས་ཚུལ་གསལ་པོར་ཤེས་རྗེས།བཟོ་ཚོང་དང་ཟོག་གོང་སྡེ་ཁག་གི་ཁྲིམས་འཛིན་མི་སྣས་སྒེར་གྱི་ཁེ་ལས་དུམ་ཁྱིམ་དེ་ལ་སློབ་གསོ་གང་ལྟར་སྤྲད་ཀྱང་མི་ཉན་སྟབས་བཟོ་ཚོང་དང་ཅུས་དེས་ཞུ་གཏུག་བྱེད་མིའི་གནས་ཚུལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》དང་《རིན་གོང་དང་འགལ་བའི་སྤྱོད་པར་སྲིད་འཛིན་གྱིས་ཆད་པ་གཅོད་པའི་གཏན་འཁེལ》ལ་གཞིགས་ནས་སྒེར་གྱི་ཁེ་ལས་དུད་ཁྱིམ་དེ་ལ་སྒོར་1000གི་ཆད་པ་བཅད་པ་རེད།
  • ལེ་ཚན་སྔོན་མ།:བོད་ཡིག་ཚགས་པར་བོད་ཀྱི་ཁྱིམ་གཞིས་སུ་འབྱོར།གསུང་བཤད་སྙིང་དོན་བོད་འབངས་ཡི་ག་ཚིམ།
  • ལེ་ཚན་རྗེས་མ།:བྲག་འགོ་ཞིང་དོར་ནགས་སྤེལ་ལས་གྲྭ་ལ་རྒྱལ་ཁབ་ཀྱིས་ཞིབ་བཤེར་རྩིས་ལེན་བྱས།
  • དོ་སྣང་ཆེ་བའི་རྩོམ།