དར་མདོ་སྐྱིད་པའི་གྲོང་ཞེས་ཚོ་ཡུལ་སྐོར་ལྗོངས་རྒྱུ་རྣམ་གྲངས་བསྐྲུན་འགོ་ཚུགས་པའི་མཛད་སྒོ་སྤེལ།

སྒྲོལ་མ་ཚེ་མཚོས་བསྒྱུར།        2011-08-16

རྣམ་གྲངས་ལ་མ་དངུལ་བསྡོམས་འབོར་སྔོན་རྩིས་བྱས་ན་སྒོར་དུང་ཕྱུར9ལས་བརྒལ་བ།2013ལོར་བསྐྲུན་ཐུབ་པ།
     ཟླ་བ8པའི་ཚེས9ཉིན་གྱི་སྔ་དྲོར།དར་མདོ་གྲོང་སྐྱིད་པའི་གྲོང་ཚོ་ཡུལ་སྐོར་ལྗོངས་རྒྱུ་རྣམ་གྲངས་བསྐྲུན་འགོ་ཚུགས་པའི་མཛད་སྒོ་དེ་དར་མདོ་གྲོང་ཁུལ་དུ་སྤེལ་བ།ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཏའོ་ཕིང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ལི་ཁྲང་ཕིང་།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཨ་རྒྱས་ཕུན་ཚོགས།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡ་ཀོང་།ཁུལ་ཨུའི་རྒྱུན་ཨུ།དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དབྱང་ཞིའུ་པིན་དང་ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་ཁྲེང་ཏུའུ་ཡན་ལག་དངུལ་ཁང་གི་ཧོང་ཀྲང་ཝང་ཡོན་ཡོན།ཁྲེང་ཏུའུ་འགྲེམས་སྟོན་ལྗོངས་རྒྱུ་ཚོགས་པའི་འགོ་འཛིན་པ་ཏེང་ཧུང་སོགས་ཁུལ་དང་རྫོང་གི་འགོ་ཁྲིད་དང་སྐུ་མགྲོན་རྣམས་མཛད་སྒོར་ཞུགས་ནས་རྣམ་གྲངས་ལ་རྨང་གཞི་འདེང་པའི་མཛད་སྒོ་སྤེལ་བ་རེད།
     “དར་མདོ་གྲོང་སྐྱིད་པའི་གྲོང་ཚོ་”ཞེས་པའི་རྣམ་གྲངས་དེ་དར་མདོ་གྲོང་ཁུལ་གྱི་མཛའ་གཞས་རིག་གནས་ལྡུམ་རར་གནས་པ།བོད་ཁུལ་གྱི་ཚ་ཆུ་གྲོང་ཆུང་གིས་གནས་ཐང་བྱས་པའི་ལྗོངས་རྒྱུ་དང་།ཆང་ཁང་།ཚ་ཆུ།ཚོགས་ཁང་།ཟས་ཁང་།རོལ་རྩེད།ཚོང་དོན་བཅས་གཅིག་ཏུ་འབྲེལ་བའི་ལྗོངས་རྒྱུ་ཆེ་གྲས་ཀྱི་ཞབས་འདེགས་དང་ཚོང་དོན་སྒྲིག་ཆས་ཡིན་པ་རེད།རྣམ་གྲངས་དེར་མ་དངུལ་གཏོང་ཚད་བསྡོམས་འབོར་སྔོན་རྩིས་བྱས་ན་མི་དམངས་ཤོག་སྒོར་དུང་ཕྱུར9ལས་བརྒལ་བ།བཟོ་བཀོད་ཀྱི་རྒྱ་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི15.3ཡོད་པ།སྔོན་རྩིས་བྱས་ན2013བསྐྲུན་ནས་ཚོང་གཉེར་བྱེད་འགོ་ཚུགས་རྒྱུ་རེད།
  • ལེ་ཚན་སྔོན་མ།:རྒྱལ་གཞུང318དར་མདོ་ནས་མགོ་ལོག་ཐོག་བར་གྱི་གཞུང་ལམ་ར་རྔ་ཁ་བརྒྱུད་པའི་གཞུང་ལམ་འཛུགས་སྐྲུན་གྱི་གྲོས་མོལ་
  • ལེ་ཚན་རྗེས་མ།:བོད་ཡིག་ཚགས་པར་བོད་ཀྱི་ཁྱིམ་གཞིས་སུ་འབྱོར།གསུང་བཤད་སྙིང་དོན་བོད་འབངས་ཡི་ག་ཚིམ།
  • དོ་སྣང་ཆེ་བའི་རྩོམ།