རྒྱལ་གཞུང318དར་མདོ་ནས་མགོ་ལོག་ཐོག་བར་གྱི་གཞུང་ལམ་ར་རྔ་ཁ་བརྒྱུད་པའི་གཞུང་ལམ་བཟོ་བཅོས་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས་ཨར་ལས་བདེ་བླག་ངང་ལག་ལེན་བཏང་བར་སྐུལ་སྤེལ་གཏོང་ཆེད།དཀར་མཛེས་ཁུལ་ར་རྔ་ཁ་བརྒྱུད་པའི་གཞུང་ལམ་བཟོ་བསྐྲུན་སྒྲིག་སྦྱོར་ཚོགས་འདུ་དེ་ཉེ་ཆར་ར་རྔ་ཁར་གྲོང་རྡལ་དུ་འཚོགས་པ་རེད།
ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་ལིའོ་ཙེ་ཁོན་གྱིས་ཚོགས་འདུར་མདོ་འཛིན་བྱས་ཤིང་དར་མདོ་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་རྣམས་ཚོགས་འདུར་ཞུགས་པ་རེད།ཚོགས་འདུའི་ཐོག་ཨར་ལས་འཛུགས་སྐྲུན་གྱི་ནང་དུ་བསྡུ་བ་དང་གནས་སྤོ་བ།མ་དངུལ།འོད་སྐུད།གློག་སྤྱོད་པ་སོགས་ཀྱི་ཐད་ལ་ཐུག་པའི་དཀའ་གནད་ལ་ཞིབ་འཇུག་དང་དབྱེ་ཞིབ་དངོས་བྱས་ཏེ་ཐག་གཅོད་བྱེད་པའི་འཆར་ཟིན་དང་དུས་བཀག་བཏོན་པ་རེད།
ལིའོ་ཙེ་ཁོན་གྱིས་བླང་བྱ་བཞི་བཏོན་པ་སྟེ།གཅིག་ནི་བསམ་བློ་གཅིག་གྱུར་དང་དམིགས་ཚད་གསལ་པོ།འགན་འཁྲི་གསལ་པོ་བྱེད་དགོས།གཉིས་ནི་ལམ་ལུགས་གཅིག་གྱུར་དང་ཁྱོན་ཡོངས་ནས་སྒྲིག་སྦྱོར།བྱེད་ཐབས་འཐུས་ཚང་བཅས་གཏོང་དགོས།གསུམ་ནི་འགན་འཁྲི་མངོན་གསལ་དང་དོན་འཁྱོལ།དཔྱད་ཞིབ་བྱེད་ཚད་ཆེ་རུ་གཏོང་བ།བཞི་ནི་སྤུས་ཚད་དང་བདེ་འཇགས།མགྱོགས་ཚད།སྤྱོད་གཙང་བཅས་ཁག་ཐེག་བྱེད་དགོས།
རྒྱལ་གཞུང318དར་མདོ་ནས་མགོ་ལོག་ཐོག་བར་གྱི་གཞུང་ལམ་ར་རྔ་ཁ་བརྒྱུད་པའི་གཞུང་ལམ་བཟོ་བསྐྲུན་ཨར་ལས་ཀྱི་གཞུང་ལམ་སྤྱིའི་རིང་ཚད་ལ་སྤྱི་ལེ་6.173ཡོད་ཅིང་བཟོ་བཀོད་ཐིག་ཚད་ནི་རིམ་པ་གཉིས་པའི་ཨར་འདམ་སྣུམ་ལམ་གཞུང་ལམ་ཡིན་པ་དང་།ཨར་ལས་སྤྱིའི་བཟོ་སྐྲུན་རིན་ཚད་ཕལ་ཆེར་སྒོར་ཁྲི་6000ལ་ཟིན་པ་དང་བཟོ་ཡུན་ལོ་གཉིས་ཡིན་ཞིང་།ད་ལོའི་ཟླ8པར་ལས་འགོ་ཚུགས་པ་རེད།