ཟླ་བ8པའི་ཚེས9ཉིན།བྲག་འགོ་རྫོང་ཉིན་མོ་ཤང་ཤྭ་ར་ཐང་གྲོང་པའི་ཞིང་པ་ཚོས་བརྔ་བསྡུའི་འཕྲུལ་འཁོར་དང་འདྲུད་འཐེན་འཁོར་ལོ་སོགས་སྤྱད་ནས་སྟོན་བསྡུའི་ལས་ལ་བྲེལ་བཞིན་འདུགབརྔ་བསྡུ་འཕྲུལ་འཁོར་གྱི་ཁ་ལོ་བས་་སྙན་འཇེབས་ལྡན་པའི་གླུ་དབྱངས་ལེན་ཞོར་དུ་ལ་ལས་བརྔ་བསྡུའི་འཕྲུལ་འཁོར་ནས་མར་ཡོང་པའི་ནས་འབྲུ་རྣམས་ཁུག་མ་ནང་བླུགས་པ་དང་།ཡང་ལ་ལས་རྩེད་མོ་དང་ཁ་གཤགས་ཀྱི་ཁྲོད་དུ་ཁུག་མ་ནང་བླུགས་ཚར་བའི་ནས་འབྲུ་རྣམས་འདྲུད་འཐེན་འཁོར་ལོའི་ཐོག་བཞག་ནས་ཁྱིམ་དུ་འདྲེན་བཞིན་འདུག
གསར་འགོད་པས་སྟོན་བསྡུའི་ལས་ལ་བྲེལ་བཞིན་པའི་ཞིང་པ་ཚོའི་འགྲམ་དུ་སོང་ནས་པར་རྒྱག་པས་མ་ཚད་བཅར་འདྲི་བྱས་པ་ཡིན་པས་གདོང་ལ་འཛུམ་གྱིས་ཁེངས་པའི་བུད་མེད་ཅང་ཧུང་ལིས་བཤད་རྒྱུར།དེ་སང་ཞིང་ལས་ལས་ཀའི་ཐད་དུ་ཧ་ཅང་སྟབས་བདེ་རེད།སྔར་ཞིང་ལས་བྱེད་དུས་འཕྲུལ་འཁོར་ལ་སོགས་པ་ཞིང་ལས་འཕྲུལ་ཆས་གང་ཡང་མེད་པས་ཚང་མ་མིའི་ལུས་པོར་བརྟེན་ནས་ལས་དགོས་པ་ཡིན་པས་ཞིང་ལས་ཐད་ལ་དཀའ་ཁག་ཧ་ཅང་ཆེ་བ་རེད།ད་ལྟ་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་བརྔ་བསྡུའི་འཕྲུལ་འཁོར་དང་འདྲུད་འཐེན་འཁོར་ལོ་སོགས་ཞིང་ལས་ཐད་ཀྱི་འཕྲུལ་ཆས་མང་བས་ང་ཚོ་ཞིང་པའི་ཞིང་ལས་ཐད་ལ་ཧ་ཅང་སྟབས་བདེ་རེད།ང་ཚོའི་གྲོང་པ་ནང་དུ་མི་སྒེར་ལ་བརྔ་བསྡུའི་འཕྲུལ་འཁོར་ཡོད་པ་རེད།རྨོ་རེར་སྒོར་70སྤྲོད་ན་བརྔ་བསྡུའི་འཕྲུལ་ཆས་གླ་ཆོག་པ་རེད།བརྔ་བསྡུའི་འཕྲུལ་ཆས་ནི་ང་ཚོ་ཞིང་པར་ཆ་མཚོན་ན་ཧ་ཅང་ཕན་ཡོན་ལྡན་པ་ཞིག་རེད།གྲོ་ནས་སོགས་བརྔ་བསྡུ་བྱས་ཚར་བ་དང་ཆབས་ཅིག་ཏུ་རྡུང་ཡང་ཚར་བ་ཡིན་པས་ཞིང་པའི་ཞིང་ལས་ཐད་ལ་ཕན་ཐོགས་བླ་མེད་ལྡན་པ་རེད།