དཀར་མཛེས་བཀྲ་ཤིས་དར་རྒྱས་དགོན་གྱི་སྔགས་ཁང་ཆེན་མོ་དང་ཆོས་ར་ཉམས་གསོ་བྱེད་མཇུག་བསྒྲིལ།
དཀོན་མཆོག་རྡོ་རྗེ། 2011-08-15
ཟླ་བ8པའི་ཚེས3ཉིན།དཀར་མཛེས་དར་རྒྱས་དགོན་གྱི་སྔགས་ཁང་ཆེན་མོ་དང་ཆོས་ར་ཉམས་གསོ་བྱེད་མཇུག་བསྒྲིལ་བའི་མཛད་སྒོ་དེ་དཀར་མཛེས་རྫོང་དུ་སྤེལ་བ་རེད།ཁུལ་ཨུ་ཧྲུའུ་ཅི་ལིའུ་ཏའོ་ཕིང་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་འགྱུར་མེད།ཁུལ་དཔོན་ལི་ཁྲང་ཕིང་།ཁུལ་སྲིད་གྲོས་ཀྲུའུ་ཞི་ཨ་རྒྱས་ཕུན་ཚོགས།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཁང་།ཁུལ་ཨུའི་རྒྱུན་ལས་ཨུ་ཡོན།དྲུང་ཡིག་ཆེན་མོ་ཏོན་དབྱི་ཅུན་སོགས་ཀྱིས་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས་པ་དང་།ཞིང་ཆེན་སྲིད་གཞུང་ཆོས་ལུགས་ཅུས་དང་ཞིང་ཆེན་ནང་བསྟན་མཐུན་ཚོགས་བཅས་ཀྱིས་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས་ཡོད་པ་རེད།
ཁུལ་རྟེན་འབྲེལ་ཚོགས་པའི་ཚོགས་གཙོ།ཁུལ་ཨུའི་རྒྱུད་ལས་ཨུ་ཡོན།འཐབ་ཕྱོགས་གཅིག་གྱུར་པུའུ་པུའུ་ཀྲང་དབྱང་ཁའེ་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་བྱང་ཆུབ།སྔར་ཁུལ་དམངས་ཆེན་གྱི་ཀྲུའུ་རེན་ཧྥུ་ཁོ་ལི།སྔར་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བློ་བཟང་ཆོས་འཕེལ་སོགས་མཛད་སྒོ་ཚོགས་འདུའི་ནང་ཞུགས་པ་རེད།
ཚོགས་ཐོག་ཏུ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།བཀྲ་ཤིས་དར་རྒྱས་དགོན་པའི་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་རྒྱལ་བསྟན་བློ་བཟང་བྱམས་པས་བཀྲ་ཤིས་དར་རྒྱས་དགོན་པའི་ཚབ་བྱས་ནས་ཤིས་ཚིག་གསུང་བ་དང་དབྱང་ཁའེ་ཡིས་གསུང་བཤད་གནང་བ།བྱང་ཆུབ་ཀྱིས་ཁུལ་ཚོགས་པ་ཆེན་པོ་བཞིའི་ཚབ་བྱས་ནས་དཀར་མཛེས་དར་རྒྱས་དགོན་པར་བཀྲ་ཤིས་ལེགས་སྐྱེས་འབུལ་བ་རེད།
དབྱང་ཁའེ་ཡིས་གསུང་བཤད་གནང་སྐབས་ཐོག་མར་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུད་ལས་ཨུ་ཡོན་ལྷན་ཁང་།ཁུལ་སྲིད་གཞུང་།ཁུལ་སྲིད་གྲོས་བཅས་ཀྱི་ཚབ་བྱས་ནས་དཀར་མཛེས་བཀྲ་ཤིས་དར་རྒྱས་དགོན་གྱི་སྔགས་ཁང་ཆེན་མོ་དང་ཆོས་ར་ཉམས་གསོ་བྱེད་མཇུག་བསྒྲིལ་བར་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་སྤྲོ་རྟེན་འབྲེལ་ཞུས་པ་དང་མཛད་སྒོ་ཚོགས་འདུར་ཞུགས་པའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་མི་དམངས་མང་ཚོགས་ཀུན་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་གནང་བ་རེད།ཁོང་གིས་བསྟན་དོན།རང་རྒྱལ་གྱིས་ཆོས་ལུགས་གནད་དོན་ཐག་གཅོད་བྱས་པའི་ཐད་ལ་ཀྱག་ཀྱོག་དང་བར་ཆད་མང་པོ་ཞིག་བརྒྱུད་མྱོང་མོད།འོན་ཀྱང་ཀྲུང་གོ་གུང་ཁྲན་ཏང་གིས་ཁྱད་འཕགས་ཀྱི་ཆབ་སྲིད་ཀྱི་བློ་གྲོས་ལ་བརྟན་ནས་དཀའ་གནད་འདི་ཐག་གཅོད་བྱེད་ཡས་ཀྱི་ཡང་དག་པའི་ཐབས་ལམ་ཞིག་རྙེད་པ་རེད།ཁྱད་པར་དུ་བཅོས་བསྒྱུར་སྒོ་ཕྱེ་བ་ནས་བཟུང་ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་འཚོལ་ཞིབ་བྱས་པའི་བརྒྱུད་རིམ་ནང་ཚན་རིག་དང་མཐུན་ལ་དངོས་ཡོད་དང་བསྟུན་ཞིང་།རང་གཅུན་ཐུབ་པའི་འཇོན་ནུས་གྱིས་ཆོས་ལུགས་གནད་དོན་སྤྱོད་ཚུལ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་གལ་ཆེའི་ལྟ་ཚུལ་དང་སྲིད་ཇུས་རབ་དང་རིམ་པ་བཏོན་པར་བརྟེན།ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་རིགས་གཞུང་གྲུབ་པ་དང་མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་ཚུལ་གྱི་བསམ་ཕྱོགས་གསར་པ་གསར་གཏོད་བྱས་ཡོད། ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་དོན་ལ་མཐོང་ཆེན་བླ་ན་མེད་པ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་དད་པའི་ཐད་ཕན་ཚུན་བརྩི་བཀུར་དང་ཆབ་སྲིད་ཐད་མཐུན་སྒྲིལ་མཉམ་ལས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་རྒྱ་ཆེའི་གྲྭ་བཙུན་མང་ཚོགས་ལ་སེམས་འཁུར་རོགས་རམ་དང་ཆོས་ལུགས་དད་པ་རང་མོས་ཀྱི་སྲིད་ཇུས་ནུས་ལྡན་གྱི་དོན་འཁྱོལ་བྱས་མཐར།རྒྱ་ཆེའི་མང་ཚོགས་ཀྱི་ཆོས་ལུགས་དད་པར་བརྩི་བཀུར་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་འཕེལ་རྒྱས་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་པ་རེད།དཔེར་ན་དཀར་མཛེས་དར་རྒྱས་དགོན་པའི་སྔགས་ཁང་ཆེན་མོ་དང་ཆོས་ར་ཉམས་གསོ་བྱེད་མཇུག་བསྒྲིལ་བའི་རྟེན་འབྲེལ་མཛད་སྒོ་སྤེལ་བ་ལྟ་བུ་ནི་ཁུངས་སྐྱེལ་དཔེ་མཚོན་གྱི་བདེན་དཔང་རེད།
རྒྱལ་བསྟན་བློ་བཟང་བྱམས་པས་གསུངས་དོན།བཀྲ་ཤིས་དར་རྒྱས་དགོན་གྱི་ལོ་རྒྱུས་ནི་ཐོག་མཐའ་བར་གསུམ་དུ་མཚན་སྙན་ཅན་གྱི་དགོན་སྡེ་ཞིག་དང་།ལོ་རྒྱུས་ཐོག་ཏུ་སྐྱེས་ཆེན་དམ་པ་མང་པོ་བྱུང་མྱོང་བའི་དགོན་སྡེ་ཞིག་ཡིན།ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས།སི་ཁྲོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་མཐོང་ཆེན་དང་ཐུགས་ཁུར།ཡང་དག་པའི་འགོ་ཁྲིད་འོག་སྐབས་རིམ་བྱུང་གི་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གིས་གོང་རིམ་གྱི་རེ་འདུན་ལྟར་རང་ཉིད་ཀྱི་འགན་ནུས་བསྒྲུབས་པ་ཡིན།དགོན་པ་འཛུགས་སྐྲུན་དང་དོ་དམ།བཤད་སྒྲུབ་འཆད་ཉན་སོགས་ཕྱོགས་གང་གི་ཐད་ནས་སྐུལ་འདེད་གཏོང་གང་ཐུབ་བྱས་པ་ཡིན།དེ་རིང་བཀྲ་ཤིས་དར་རྒྱས་དགོན་གྱི་སྔགས་ཁང་ཆེན་མོ་དང་ཆོས་ར་ཉམས་གསོ་བྱེད་མཇུག་བསྒྲིལ་བའི་མཛད་སྒོ་སྤེལ་རྒྱུ་བྱུང་བ་འདི་ནི་ཏང་དང་སྲིད་གཞུང་གིས་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་བྱས་པའི་མཚོན་ཚུལ་གཙོ་བོ་ཞིག་རེད།
ཁུལ་རྟེན་འབྲེལ་ཚོགས་པ་དང་དཀར་མཛེས་རྫོང་རྟེན་འབྲེལ་ཚོགས་པའི་གྲུབ་མི།ས་གནས་དེ་གའི་ཆོས་དད་མང་ཚོགས་རྣམས་མཛད་སྒོ་ཚོགས་འདུར་ཞུགས་ཡོད།མཛད་སྒོ་མཇུག་བསྒྲིལ་རྗེས་ཡིད་དབང་འཕྲོག་པའི་ཆོས་རྩོད་མཆོད་འབུལ་གྱི་བྱེད་སྒོ་སྤེལ་བ་རེད།