བྲག་འགོ་རྫོང་གིས་སྐབས་བརྗེ་འདེམས་བསྐོ་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཀྱི་ཚོགས་འདུ་འཚོགས།
བདེ་སྐྱིད་ལྷ་མོ། 2011-08-11
ཉེ་ཆར།བྲག་འགོ་རྫོང་ཨུའི་རྩ་འཛུགས་པུའུ་ཡིས་གསར་འགྱུར་ཡོངས་བསྒྲགས་ཀྱི་ཚོགས་འདུ་འཚོགས་ནས་ཕྱི་ལ་རྫོང་དེས་སྐབས་བརྗེ་འདེམས་བསྐོའི་ལས་ཀ་བྱེད་ཚུལ་བརྡ་ཁྱབ་བཏང་བ་རེད།ཚོགས་འདུའི་ཐོག་བྲག་འགོ་རྫོང་གི་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་རྫོང་དེའི་སྐབས་བརྗེ་འདེམས་བསྐོའི་ལས་ཀ་ཁྱོན་ཡོངས་ནས་བཀོད་སྒྲིག་དང་སྲིད་ཇུས་ཐག་གཅོད་བྱས་པ།མི་འདེམས་རྒྱུ་དང་སྤྱོད་པའི་ཚད་གཞི།བདམས་སྦྱོར་བྱེད་སྟངས།གྲོང་རྡལ་གྱི་འགོ་ཁྲིད་ཚན་ཁག་སྐབས་བརྗེ་འདེམས་བསྐོ་བྱེད་པའི་གོ་རིམ།སྐབས་བརྗེ་བའི་སྒྲིག་ཁྲིམས་ནན་པོ་བྱེད་པ་དང་མིག་སྔར་ལས་དོན་སྤེལ་ཚུལ་སོགས་ཕྱི་ལ་ངོ་སྤྲོད་བྱས་པ་མ་ཟད།བྲག་འགོ་རྫོང་ཨུས་གསར་འགྱུར་ཡོངས་བསྒྲགས་ཀྱི་ལམ་ལུགས་བཙུགས་ནས་ཕྱིར་རྫོང་དེས་སྐབས་བརྗེ་འདེམས་བསྐོའི་སྐོར་གྱི་བཀོད་སྒྲིག་དང་ལས་དོན་སྤེལ་ཚུལ་དུས་ཚོད་ངེས་མེད་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཀྱི་ཚོགས་འདུ་འཚོགས་ནས་སྤྱི་ཚོགས་ལ་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།