ལོ་སྟོད་དུ་རང་ཁུལ་གྱིས་ཚོང་འགུགས་དངུལ་འདྲེན་བྱས་ནས་སྒོར་དུང་ཕྱུར73.54་ལག་ཐོག་འབྱོར།

དབྱངས་ཅན་གྱིས་བསྒྱུར།        2011-08-11

ད་ལོའི་ལོ་སྟོད་དུ་ཁུལ་ཡོངས་སུ་ཁུལ་ཕྱི་རོལ་དུ་རྒྱལ་ནང་གི་ཚོང་འགུགས་རྣམ་གྲངས131ལག་བསྟར་བྱས་པ་དང་།གྲོས་མཐུན་བཞག་ནས་ནང་འདྲེན་བྱས་པའི་མ་དངུལ་སྒོར་དུང་ཕྱུར་180ཐོག་སླེབས་ཡོད་པས་དམིགས་ཡུལ་ལས་འགན་གྱི་བརྒྱ་ཆ51.42ལེགས་འགྲུབ་བྱུང་ཡོད།མ་དངུལ་སྒོར་དུང་ཕྱུར73.54དངོས་སུ་ལག་ཐོག་འབྱོར་བས།ན་ནིང་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ16འཕར་སྣོན་བྱུང་ནས་དམིགས་ཡུལ་ལས་འགན་གྱི་བརྒྱ་ཆ68.89ལེགས་འགྲུབ་བྱུང་ཡོད་པ་རེད།ལོ་སྟོད་དུ་རང་ཁུལ་གྱི་ཞིང་ཆེན་ནང་གི་ཚོང་འགུག་དངུལ་འདྲེན་གྱི་རྣམ་གྲངས་ཐད་མ་དངུལ་འཇོག་མཁན་(ཚོང་གཉེར)ཁེ་ལས་གཙོ་བོ་ཁྲེང་ཏུའུ་དང་།ཀོང་ཨན།གཡག་རྔ།མེ་ཧྲན་སོགས་ས་ཁུལ8ནས་ཡོང་བ་ཡིན་པ་དང་།ཁྱོན་བསྡོམས་རྣམ་གྲངས87ལག་བསྟར་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར24.73ལག་ཏུ་འབྱོར་བས་ནང་འདྲེན་བྱས་པའི་སྤྱིའི་མ་དངུལ་གྱི་བརྒྱ་ཆ37.36བཟུང་ཡོད།ཞིང་ཆེན་ཕྱི་རོལ་གྱི་རྒྱལ་ནང་གི་ཚོང་འགུག་དངུལ་འདྲེན་གྱི་རྣམ་གྲངས་ལ་མ་དངུལ་འཇོག་མཁན་(ཚོང་གཉེར)ཁེ་ལས་གཙོ་བོ་པེ་ཅིན་དང་།ཧྲེན་ཀྲེན།ཧྲང་ཧའེ།ཡུན་ནན།ཀོང་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར11ལ་ཁྱོན་བསྡོམས་རྣམ་གྲངས44ལག་བསྟར་བྱས་པ་དང་།ལག་ཏུ་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར41.45ཡོད་པས་ནང་འདྲེན་བྱས་པའི་སྤྱིའི་མ་དངུལ་གྱི་བརྒྱ་ཆ62.62བཟུང་ཡོད།གཙོ་གནད་དུ་ནུས་ཁུངས་དང་།གཏེར་ལས།ལྗོངས་རྒྱུ།གྲོང་ཁྱེར་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལ་མ་དངུལ་བཏང་བ་རེད།ལོ་སྟོད་དུ་རྒྱལ་ཕྱི་ནང་གི་ཚོང་འགུགས་དངུལ་འདྲེན་བྱས་པའི་མ་དངུལ་སྔར་བཞིན་དར་མདོ་ཤར་ཕྱོགས་ས་ཁུལ་ཏེ།དར་མདོ་དང་ཉག་ཆུ།བརྒྱད་ཟིལ་བཅས་རྫོང་གསུམ་པོ་དེ་སོ་སོ་ཨང་རིམ་གསུམ་པར་སླེབས་པ།ལག་ཐོག་འབྱོར་བའི་མ་དངུལ་དེ་སོ་སོ་སྒོར་དུང་ཕྱུར26.79དང་།སྒོར་དུང་ཕྱུར8.77 །སྒོར་དུང་ཕྱུར7.32བཅས་ཡིན་པས་ཁུལ་ཡོངས་ཀྱི་ལག་ཐོག་འབྱོར་བའི་སྤྱིའི་མ་དངུལ་གྱི་བརྒྱ་ཆ64.78བཟུང་ཡོད་པ་རེད།

  • ལེ་ཚན་སྔོན་མ།:མགར་ཐར་རྟ་རྒྱུག་འགྲན་བསྡུར་ཆེན་མོ་ཐེངས་ལྔ་པ་བདེ་བླག་གིས་སྤེལ།
  • ལེ་ཚན་རྗེས་མ།:བྲག་འགོ་རྫོང་གིས་སྐབས་བརྗེ་འདེམས་བསྐོ་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཀྱི་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།