དར་མདོ་ཉི་ནུས་ལས་གྲྭས་དུད་ཚང་ཁྲི་སྟོང་མང་པོ་ལ་ཕན་ཐོགས།

སྒྲོལ་མ་ཚེ་མཚོས།        2011-08-11

ད་ལོར་དར་མདོ་རྫོང་གིས་སྒོར་ཁྲི780གཏོང་རྒྱུ་འཆར་གཞི་བཞག་ནས་ཞིང་འབྲོག་ས་ཁུལ་གྱི་ཁྱོན་བསྡོམས་དུད་ཚང3000ལ་ཉི་ནུས་ཆུ་སྲོ་ཆས་ཁྱབ་གདལ་གཏོང་རྒྱུའི་སྒྲིག་འཛུགས་ལག་བསྟར་བྱེད་པ།
     ཉེ་བའི་ལོ་ཤས་རིང་།རྫོང་དེས་ཉི་ནུས་ལས་གྲྭ་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་རེད།ན་ལོར་རྫོང་ཡོངས་ཀྱིས་ཁྱོན་བསྡོམས་ཞིང་འབྲོག་ས་ཁུལ་ལ་ཉི་ནུས་ཆུ་སྲོ་ཆས་འཛུགས་སྐྲུན་རྣམ་གྲངས་དེ་དུད་ཚང1389ལག་བསྟར་བྱེད་འགོ་ཚུགས་པ་ཉི་ནུས་ཆུ་སྲོ་ཆས་ཆ1389ཁྱབ་གདལ་བཏང་བ།རྣམ་གྲངས་དེར་མ་དངུལ་བསྡོམས་འབོར་སྒོར་ཁྲི་342.7བཏང་བ།དེའི་ནང་ཞིང་ཆེན་དང་ཁུལ་གཉིས་ཀྱི་མ་དངུལ་རིགས་ཀྱི་ནང་ནས་སྒོར་ཁྲི130བཏང་བ།དུད་ཚང་619ལག་བསྟར་བྱས་པ།ཞིང་སྡེ་གསར་པའི་དབུལ་སྐྱོར་ཐབས་ལམ་ལ་སྒོར་ཁྲི57.96བཏང་བ།དུད་ཚང་345བསྟར་བྱས་པ།རྫོང་རིམ་པའི་ནོར་སྲིད་གྱིས་མ་དངུལ་སྒོར་ཁྲི་71.4བཏང་བ།དུད་ཚང་425ལག་བསྟར་བྱས་པ།མང་ཚོགས་ཀྱིས་སྒོར་ཁྲི83.34གྲབས་གཤོམ་བྱས་པ་རེད།རྣམ་གྲངས་དེ་ལག་བསྟར་བྱས་པར་བརྒྱུད།མང་ཚོགས་65000ལྷག་ཙམ་ལ་ཉི་མཁོ་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བཏང་བ་རེད།
     ད་ལོར།རྫོང་ཡོངས་ཀྱི་ཞིང་འབྲོག་ས་ཁུལ་གྱི་ཉི་ནུས་ཆུ་སྲོ་ཆས་ཁྱབ་སྤེལ་རྣམ་གྲངས་ཁྱོན་བསྡོམས་དུད་ཚང3000སྒྲིག་འཛུགས་ལག་བསྟར་བྱེད་པ།རྣམ་གྲངས་ལ་མ་དངུལ་སྒོར་ཁྲི780གཏོང་རྒྱུའི་འཆར་གཞི་ཡོད་པ།དེའི་ནང་ཞིང་ཆེན་དང་ཁུལ་གྱི་མ་དངུལ་རིགས་གཉིས་ཀྱི་ནང་ནས་སྒོར་ཁྲི130གཏོང་རྒྱུ།དུད་ཚང་650ལག་བསྟར་བྱེད་པ།རྫོང་རིམ་པའི་ནོར་སྲིད་ནང་ནས་སྒོར་ཁྲི470གཏོང་རྒྱུ།དུད་ཚང་2350ལག་བསྟར་བྱ་རྒྱུ།མང་ཚོགས་དུད་ཚང་རེས་མ་དངུལ་སྒོར600རང་གྲབས་བྱ་རྒྱུ།སྒོར་ཁྲི180གཏོང་རྒྱུའི་འཆར་གཞི་ཡོད་པ།མིག་སྔར།རྣམ་གྲངས་དེ་གོ་རིམ་ལྟར་སྲིད་གཞུང་གིས་མངོན་གསལ་ཉོ་སྒྲུབ་བྱས་ནས་ད་ལོ་ནང་ཚུན་སྒོ་ཀུན་ནས་སྒྲིག་སྦྱོར་བྱེད་ཐུབ་པ་བྱ་རྒྱུ་རེད།རྫོང་དེའི་ཞིང་འབྲོག་དུད་ཚང3000དང་མང་ཚོགས་ཁྲི1.5ཙམ་ལ་ཐད་ཀར་ཕན་ཐོགས་པ་རེད།
  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གིས་གོང་བདེ་གླ་གཏོང་སྡོད་ཁང་གི་ལས་གྲྭ་ཡང་ཐེངས་གཅིག་འགོ་བཙུགས།
  • ལེ་ཚན་རྗེས་མ།:མགར་ཐར་རྟ་རྒྱུག་འགྲན་བསྡུར་ཆེན་མོ་ཐེངས་ལྔ་པ་བདེ་བླག་གིས་སྤེལ།
  • དོ་སྣང་ཆེ་བའི་རྩོམ།