དཀར་མཛེས་རྫོང་གིས་གོང་བདེ་གླ་གཏོང་སྡོད་ཁང་གི་ལས་གྲྭ་ཡང་ཐེངས་གཅིག་འགོ་བཙུགས།

མིག་དམར་གྱིས་བསྒྱུར།        2011-08-09

མིག་སྔར།དཀར་མཛེས་རྫོང་སྲིད་གྲོས་ཀྱི་ར་བ་རྙིང་པའི་ནང་།ཟ་འོག་བྲེག་པའི་ཐལ་སྒྲ་ལས་དཀར་མཛེས་རྫོང་གིས་གོང་བདེ་གླ་གཏོང་སྡོད་ཁང་གི་ལས་གྲྭ་འཛུགས་སྐྲུན་ཡང་ཐེངས་ཤིག་འགོ་བཙུགས་པ་མཚོན་པ་རེད།ཐེངས་འདིའི་གོང་བདེ་གླ་གཏོང་སྡོད་ཁང་ལ་སྔོན་རྩིས་བྱས་པ་ལྟར་ན་སྒོར་ཁྲི་1498ཀྱི་མ་དངུལ་གཏོང་འཇོག་བྱས་ཏེ་གོང་བདེ་གླ་གཏོང་སྡོད་ཁང་5འཛུགས་རྒྱུ་དང་ཁང་མིག་147།སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་གྲུ་བཞི་མ་7322.6ཡོད་ལ།ཁང་མིག་གཅིག་གི་འཛུགས་སྐྲུན་རྒྱ་ཁྱོན་གྲུ་བཞི་མ་49.9ཡོད་པ་ཞིག་བསྐྲུན་པ་དང་མཉམ་དུ་གཞུང་ལམ་དང་ཆུ་འབུད་མཁོ་འདོན།གློག་མཁོ་འདོན་བཅས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུ་རེད།
     ཐེངས་འདིའི་གོང་བདེ་གླ་གཏོང་སྡོད་ཁང་ནི་སི་ཁྲོན་ཞིང་ཆེན་གྱི2011ལོའི་འགན་ལེན་རང་བཞིན་གྱི་བདེ་བར་གནས་པའི་ལས་གྲྭ་འཛུགས་སྐྲུན་གྱི་ལས་ཀར་གང་མགྱོགས་ཀྱི་སྐུལ་འདེད་བྱེད་པའི་ཚན་པ་ཞིག་ཀྱང་ཡིན།གཅིག་བསྡུས་ཀྱི་འགོ་ཚུགས་མཛད་སྒོའི་ཡན་ལག་ཚོགས་ར་ཡིན་པས་དཀར་མཛེས་རྫོང་གིས་ཧུར་ཐག་གིས་གྲ་སྒྲིག་བྱས་ནས་ལས་གྲྭ་བདེ་བླག་ངང་འགོ་ཚུགས་པར་ཆ་རྐྱེན་བཟང་པོར་བསྐྲུན་ཏེ་གོང་བདེ་གླ་གཏོང་སྡོད་ཁང་གི་ལས་གྲྭ་འཛུགས་སྐྲུན་དེ་སྡོད་མཁན་ལ་བདེ་སྐྱིད་དང་སེམས་ཁྲལ་མེད་པའི་ལས་གྲྭ་ཞིག་ཡིན་པ་རེད།
  • ལེ་ཚན་སྔོན་མ།:ཞིང་ཆེན་བོད་ཁུལ་དུ་དགུ་ཐོག་གསུམ་སྣོན་གྱི་སློབ་མ་སྒྲོག་འགྲེལ་ཚོགས་པས་རང་ཁུལ་ལ་སྒྲོག་འགྲེལ་བྱས་པ་མཇུག་
  • ལེ་ཚན་རྗེས་མ།:དར་མདོ་ཉི་ནུས་ལས་གྲྭས་དུད་ཚང་ཁྲི་སྟོང་མང་པོ་ལ་ཕན་ཐོགས།
  • དོ་སྣང་ཆེ་བའི་རྩོམ།