ཞིང་ཆེན་བོད་ཁུལ་དུ་དགུ་ཐོག་གསུམ་སྣོན་གྱི་སློབ་མ་སྒྲོག་འགྲེལ་ཚོགས་པས་རང་ཁུལ་ལ་སྒྲོག་འགྲེལ་བྱས་པ་མཇུག་བསྒྲིལ།

མིག་དམར །        2011-08-09

ཟླ་བ7པའི་ཚེས30ཉིན།ལྕགས་ཟམ་རྫོང་གི་ལས་བྱེད་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་ཐལ་སྒྲའི་ཁྲོད།ཞིང་ཆེན་བོད་ཁུལ་གྱིལོ་དགུའི་འོས་འགན་སློབ་གསོའི་ཐོག་ལོ་གསུམ་གྱི་འབྲིང་རིམ་ལས་རིགས་སློབ་གསོ་བསྣན་པའི་སློབ་མ་སྒྲོག་འགྲེལ་ཚོགས་པས་རང་ཁུལ་གྱི་སྐོར་སྐྱོད་སྒྲོག་འགྲེལ་ཕུན་སུམ་ཚོགས་པའི་ངང་ནས་མཇུག་བསྒྲིལ་བ་རེད།
     ལོ་དགུའི་འོས་འགན་སློབ་གསོའི་ཐོག་ལོ་གསུམ་གྱི་འབྲིང་རིམ་ལས་རིགས་སློབ་གསོ་བསྣན་པའི་རིན་པ་མི་དགོས་པའི་ལས་རིགས་སློབ་གསོའི་འཆར་གཞི་ལག་བསྟར་བྱས་པ་ནས་བཟུང་།གྲུབ་འབྲས་གཡུར་དུ་ཟ་བ་ཐོབ།སློབ་གྲྭར་ཞུགས་ནས་སློབ་སྦྱོང་བྱས་ནས་ཁོ་ཚོའི་འགྱུར་བ་ཧ་ཅང་ཆེ་ལ།ཁོ་ཚོས་ཀྱང་འབད་པར་ཆེན་པོས་ཡར་ཐོན་ཕྱིན་ཏེ་མིག་སྔར་ཞིང་ཆེན་ཡོངས་ལ་ལོ་དགུའི་འོས་འགན་སློབ་གསོའི་ཐོག་ལོ་གསུམ་གྱི་འབྲིང་རིམ་ལས་རིགས་སློབ་གསོ་བསྣན་པའི་སློབ་མའི་ནང་གུང་གཞོན་ཚོགས་མི10745ཡོད་པ་དང་ཏང་ཡོན848།ཏང་ཡོན་ལ་ཞུགས་པའི་ཧུར་བརྩོན་ཅན2597ཡོད།དེ་དག་སློབ་སྦྱོང་ཐོག་འབད་བརྩོན་ལྷོད་མེད་བྱས་མཐར་བྱ་དགའ་མི་ཉུང་བ་ཞིག་ཐོབ།དངོས་སྦྱོང་གི་སྐབས་སུ་དཀའ་སྤྱད་སྡུག་རུས་བྱས་པས་ཁེ་ལས་དང་སྤྱི་ཚོགས་ཀྱིས་གདེང་འཇོག་མཐོན་པོ་བྱས།མིག་སྔར།དངོས་སྦྱོང་གི་ལས་གནས་སུ་ཞུགས་མི7420ཡོད།ཁོ་ཚོ་ལ་སློབ་གསོ་གསོ་སྦྱོང་བྱས་པ་བརྒྱུད་ཡོན་ཏན་ལྡན་ཞིང་ཀུན་སྤྱོད་ལེགས་པའི་སྤྱི་ཚོགས་ལ་མཁོ་བའི་ཤེས་ལྡན་མི་སྣ་མང་པོ་ཞིག་ཐོན།
     ལོ་དགུའི་འོས་འགན་སློབ་གསོའི་ཐོག་ལོ་གསུམ་གྱི་འབྲིང་རིམ་ལས་རིགས་སློབ་གསོ་བསྣན་པའི་འཆར་གཞི་ལག་བསྟར་བྱས་པས་སློབ་གྲྭར་ཞུགས་མི་ཐུབ་པའི་སློབ་མ་མང་པོ་ཞིག་སློབ་གྲྭ་འགྲོ་བའི་གོ་སྐབས་བྱུང་བ་དང་ང་ཚོས་སྒྲོག་འགྲེལ་བྱས་པ་བརྒྱུད་དེ་མི་མང་པོ་ཞིག་གིས་ལོ་དགུའི་འོས་འགན་སློབ་གསོའི་ཐོག་ལོ་གསུམ་གྱི་འབྲིང་རིམ་ལས་རིགས་སློབ་གསོ་བསྣན་པའིསྲིད་ཇུས་བཟང་པོ་ལ་རྒྱུས་ལོན་བྱས་པ་དབུལ་ཕོངས་ཀྱི་སློབ་མ་མང་པོ་ཞིག་གིས་ལོ་དགུའི་འོས་འགན་སློབ་གསོའི་ཐོག་ལོ་གསུམ་གྱི་འབྲིང་རིམ་ལས་རིགས་སློབ་གསོ་བསྣན་པའི་སྲིད་ཇུས་བཟང་པོར་ཡིད་ཆེས་དང་ཁས་ལེན་པའི་སྒོ་ནས་གདམ་ག་རྒྱག་ཆོག
     སྐོར་སྐྱོད་སྒྲོག་འགྲེལ་མཇུག་བསྒྲིལ་རྗེས།ལོ་དགུའི་འོས་འགན་སློབ་གསོའི་ཐོག་ལོ་གསུམ་གྱི་འབྲིང་རིམ་ལས་རིགས་སློབ་གསོ་བསྣན་པའི་སློབ་མ་རྣམས་ཕར་ལོག་པའི་འཕྲུལ་འཁོར་དུ་བསྡད་དེ་ལ་ལས་དངོས་སྦྱོང་གི་ལས་གནས་སུ་ཕྱིན་པ་དང་འགའ་ཤས་ཁྱིམ་དུ་ལོག་ནས་སློབ་དུས་གསར་པ་ཚོགས་པར་བསྒུགས།
  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ལོ་སྟོད་དུ་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར49.78མངོན་འགྱུར་བྱུང།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གིས་གོང་བདེ་གླ་གཏོང་སྡོད་ཁང་གི་ལས་གྲྭ་ཡང་ཐེངས་གཅིག་འགོ་བཙུགས།
  • དོ་སྣང་ཆེ་བའི་རྩོམ།