རང་ཁུལ་གྱི་ལོ་སྟོད་དུ་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར49.78མངོན་འགྱུར་བྱུང།

སྒྲོལ་མ་ཚེ་མཚོས།        2011-08-08

ན་ལོ་དང་བསྡུར་ན་བརྒྱ་ཆ12.3འཕར་བ།
ཟླ་བ7པའི་ཚེས14ཉིན།གསར་འགོད་པས་ཁུལ་བསྡོམས་རྩིས་ཅུས་ཀྱིས་འཚོགས་པའི2011ལོའི་ཁུལ་ཡོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་གནས་ཚུལ་དབྱེ་ཞིབ་བྱེད་པའི་ཚོགས་འདུའི་ཤེས་རྟོགས་བྱུང་བར།ལོ་སྟོད་དུ་ཁུལ་ཡོངས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར49.78མངོན་འགྱུར་བྱུང་བས་ན་ལོ་དང་བསྡུར་ན་བརྒྱ་ཆ12.3འཕར་བ་རེད།
 
ཐོག་མའི་སྔོན་རྩིས་བྱས་ན།ལོ་སྟོད་དུ་ཁུལ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར49.78འཕར་བས།ན་ལོ་དང་བསྡུར་ན་བརྒྱ་ཆ12.3འཕར་བ།དེའི་ནང་ཐོན་ལས་དང་པོའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར6.03ཡོད་པ།བརྒྱ་ཆ4.2འཕར་བ།ཐོན་ལས་གཉིས་པའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར18.57ཡོད་པ།བརྒྱ་ཆ4.2འཕར་བ།ལས་གསུམ་པའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར25.18ཡོད་པ།བརྒྱ་ཆ13འཕར་བ་རེད།
  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་ནུས་ཁུངས་གྲོན་ཆུང་གི་དམིགས་ཡུལ་ལས་འགན་ལེགས་འགྲུབ་བྱུང་བ།
  • ལེ་ཚན་རྗེས་མ།:ཞིང་ཆེན་བོད་ཁུལ་དུ་དགུ་ཐོག་གསུམ་སྣོན་གྱི་སློབ་མ་སྒྲོག་འགྲེལ་ཚོགས་པས་རང་ཁུལ་ལ་སྒྲོག་འགྲེལ་བྱས་པ་མཇུག་
  • དོ་སྣང་ཆེ་བའི་རྩོམ།