རང་ཁུལ་གྱིས་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་ནུས་ཁུངས་གྲོན་ཆུང་གི་དམིགས་ཡུལ་ལས་འགན་ལེགས་འགྲུབ་བྱུང་བ།

དབྱངས་ཅན་གྱིས་བསྒྱུར།        2011-08-08

ཉེ་ཆར།ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་དང་།ཞིང་ཆེན་དཔལ་འབྱོར་ཆ་འཕྲིན་ཨུ་ལྷན།ཞིང་ཆེན་བསྡོམས་རྩིས་ཅུས་བཅས་དང་མཉམ་དུ་《ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་ཞིང་ཆེན་ཡོངས་དང་།གྲོང་ཁྱེར།ཁུལ་སོ་སོའི་ནུས་ཁུངས་གྲོན་ཆུང་གི་དམིགས་ཡུལ་གྲུབ་ཚུལ་སྐོར་གྱི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་པ་རེད།《སྤྱི་བསྒྲགས་》ཐོག་གསལ་པོར་མཚོན་རྒྱུར།2005ལོར་རང་ཁུལ་གྱི་རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་དེ་སྒོར་ཁྲི1ལ་ཚད་ལྡན་རྡོ་སོལ་ཏུན1.260ཡིན་པས་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས་ཀྱི་འཆར་གཞི་ལས་བརྒྱ་ཆ20མར་ཆག་པ་དང་།རྩིས་གཞི་རེའི་བཟོ་ལས་འཕར་སྣོན་རིན་ཐང་གི་ནུས་ཁུངས་ཟད་གྲོན་སྒོར་ཁྲི1ལ་ཚད་ལྡན་གྱི་རྡོ་སོལ་ཏུན1.840ཡིན་པས་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས་ཀྱི་འཆར་གཞི་ལས་བརྒྱ་ཆ30མར་ཆག་པ།  2010ལོར་སླེབས་དུས་གོང་གསལ་གྱི་དམིགས་ཚད་གྲུབ་ཚུལ་རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་སྒོར་ཁྲི1ལ་ཚད་ལྡན་རྡོ་སོལ་ཏུན1.007ཡིན་པས་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས་ཀྱི་བརྒྱ་ཆ20.08དངོས་སུ་མར་ཆག་ཡོད།རྩིས་གཞི་རེའི་བཟོ་ལས་འཕར་སྣོན་རིན་ཐང་གི་ནུས་ཁུངས་ཟད་གྲོན་སྒོར་ཁྲི1ལ་ཚད་ལྡན་རྡོ་སོལ་ཏུན1.273ཡིན་པས།ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས་ཀྱི་བརྒྱ་ཆ30.79དངོས་སུ་མར་ཆག་ནས་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་ནུས་ཁུངས་གྲོན་ཆུང་གི་དམིགས་ཡུལ་ལས་འགན་ལེགས་འགྲུབ་བྱུང་ཡོད་པ་རེད།
  • ལེ་ཚན་སྔོན་མ།:དཀར་མཛེས་ཉིན་རེའི་ཚགས་པར་གྱིས་ཁུལ་མི་དམངས་སྨན་ཁང་དུ་རང་གནས་རྙེད་ཅིང་བྱེད་ནུས་ཐོན།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ལོ་སྟོད་དུ་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར49.78མངོན་འགྱུར་བྱུང།
  • དོ་སྣང་ཆེ་བའི་རྩོམ།