སྔོ་ཚལ་འཛུགས་མཁན་ལ་གསོ་སྐྱོང་སྦྱོང་བརྡར་བྱས།

        2011-05-24

ཉེ་ཆར།ཕྱག་ཕྲེང་རྫོང་ཞིང་འབྲོག་ཅུས་ཀྱི་ལག་རྩལ་མི་སྣས་ཤམ་བྷ་ལ་གྲོང་རྡལ་གྱི་ཁྲེན་ཅའོ་གྲོང་ཚོ་རུ་ཞིང་པའི་དུད་ཚང་64ལ་སྔོ་ཚལ་འདེབས་འཛུགས་བྱེད་ཚུལ་དང་།ཞིང་ལས་ཐོན་རྫས་བདེན་རྫུན་དབྱེ་འབྱེད་བྱེད་ཐབས་སོགས་འབྲེལ་ཡོད་ཤེས་བྱའི་ཆེད་ལས་ལག་རྩལ་སྐོར་གྱི་གསོ་སྦྱོང་གྲོས་ཚོགས་ཐེངས་ཤིག་འཚོགས་པ་རེད།
     ཚོགས་ཐོག་ལག་རྩལ་མི་སྣས་སྔོ་ཚལ་འདེབས་འཛུགས་བྱེད་པའི་དུས་ཚོད་དང་།ཁོར་ཡུག་གདམ་གསེས།འདེབས་འཛུགས་བྱེད་པའི་མཐུག་ཚད།འདེབས་འཛུགས་བྱེད་སྟངས།ལུད་རྒྱག་རྒྱུ་དང་ཡུར་མ་བྱེད་སྟངས་སོགས་ཐད་ཀྱི་ལག་རྩལ་ཁྲིད་སྟོན་ཞིབ་ཕྲ་བྱས་པ་དང་།འདེབས་འཛུགས་དུད་ཚང་ལ་འདེབས་འཛུགས་བྱེད་སྐབས་ཀྱི་དོགས་གནས་ལ་རེ་རེ་བཞིན་འགྲེལ་བཤད་རྒྱབ་ནས།གསོ་སྦྱོང་ནང་ཞུགས་མཁན་གྱི་འདེབས་འཛུགས་དུད་ཚང་ཡོད་ཚད་ལ་འདེབས་འཛུགས་སྐོར་གྱི་ཤེས་བྱ་སྔར་བས་ངོས་འཛིན་དང་མཐོར་འདེབས་བྱུང་བ་རེད།
  • ལེ་ཚན་སྔོན་མ།:ཆེད་ལས་མཁས་པས་གྲོང་མི་ལ་ཞོག་ཁོག་འདེབས་ཐབས་བསླབས།
  • ལེ་ཚན་རྗེས་མ།: ཉག་རོང་རྫོང་གིས་ཕག་ཤའི་ཐོན་རྫས་ཉེན་མེད་བདེ་འཇགས་ཡོང་བར་ཁག་ཐེག་བྱས།
  • དོ་སྣང་ཆེ་བའི་རྩོམ།