ཉག་རོང་རྫོང་གིས་ཕག་ཤའི་ཐོན་རྫས་ཉེན་མེད་བདེ་འཇགས་ཡོང་བར་ཁག་ཐེག་བྱས།

དབྱངས་ཅན་གྱིས་བསྒྱུར།        2011-05-24

ཉེ་ཆར།ཉག་རོང་རྫོང་བཟའ་བཅའ་ཉེན་མེད་གཞུང་ལས་ཁང་གིས་བཟའ་བཅའ་དང་སྨན་རྫས་ལྟ་ཞིབ་དང་།ཞིང་འབྲོགབཟོ་ཚོང་སོགས་སྡེ་ཁག་དང་མཉམ་དུ་ཞིབ་བཤེར་ཚོ་ཆུང་བཙུགས་ནས་བཤས་ཕག་གསོ་སྤེལ་དུད་ཚང་དང་།ཕག་ཤ་ཚོང་གཉེར་དུད་ཚང་།དམིགས་འཛུགས་བཤས་ར།ཟོག་སྨན་དང་གཟན་ཆག་ཚོང་གཉེར་བྱེད་སའི་སྒོ་བསྟེན་ཚང་ཁང་།སིལ་ཚོང་སྨན་ཁང་སོ་སོ་སོགས་ལ་ཕྱིན་ནས་བཤས་ཕག་གི་བྱུང་ཁུངས་དང་ལམ་བར་གྱི་འགོས་ནད་ཞིབ་བཤེར།གཟན་ཆག་གི་བྱུང་ཁུངས་དང་ཐོན་རྫས་ཞིབ་བཤེར་གྱི་ལག་ཁྱེར།ཟོག་སྨན་ཉོ་འདྲེན་བྱེད་སའི་ཐབས་ལམ་དང་སྤུས་ཚད།དམིགས་འཛུགས་ཀྱིས་བཤས་བྱེད་པ་དང་འགོས་ནད་བརྟག་ཞིབ་བྱེད་པ།སིལ་ཚོང་གི་སྨན་ཁང་དུ་སྨན་རྫས་ཉོ་སྒྲུབ་དང་ཕྱིར་འཚོང་བྱེད་པ་སོགས་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་རེད།
     ཐེངས་འདིའི་ཞིབ་བཤེར་ལས་ཀའི་ཁྲོད་བསྡོམས་པས་ཁྲིམས་འཛིན་མི་སྣ་མི་གྲངས་དང་ཐེངས་གྲངས32དང་ཁྲིམས་འཛིན་རླངས་འཁོར4མངག་གཏོང་བྱས་པ་དང་།བཤས་ཕག་གསོ་སྤེལ་བྱེད་མཁན་དུད་ཚང12དང་།དམིགས་འཛུགས་བཤས་ར1 །སྨན་རྫས་སིལ་ཚོང་ཁང་3བཅས་ཞིབ་བཤེར་བྱས་པ།མིག་སྔར་རྫོང་ཡོངས་ཀྱི་སྨན་རྫས་སིལ་ཚོང་ཁང་དུ་སྒྲིལ་སྲོལ་དང་འགལ་ནས་འབྲེལ་ཡོད་སྨན་རྫས་ཕྱིར་འཚོང་བྱེད་པའི་གནས་ཚུལ་མ་མཐོང་ལ་“ཤ་སྣག་སྐྱེ་རྫས་”བརྒྱབ་ཡོད་པའི་ཕག་ཤ་ཕྱིར་འཚོང་བྱེད་མཁན་ཡང་མེད་པ་རེད།
  • ལེ་ཚན་སྔོན་མ།:སྔོ་ཚལ་འཛུགས་མཁན་ལ་གསོ་སྐྱོང་སྦྱོང་བརྡར་བྱས།
  • ལེ་ཚན་རྗེས་མ།:རྒྱལ་རོང་གི་ཡུལ་སྲོལ་གོམས་འདྲིས་དུས་ཆེན་ནི་ཀྲུང་གོའི་ཆེས་མི་རིགས་ཁྱད་ཆོས་ལྡན་པའི་དུས་ཆེན་དུ་གཏན་འབེབ
  • དོ་སྣང་ཆེ་བའི་རྩོམ།